ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི2023ལོའི་ཅང་སུའུ་ཞིང་ཆེན་གྱི་སློབ་ཞིབ་དཔྱད་སྦྱོང་བྱ་བའི་སྤྱི་སྡོམ་དང2024ལོའི་སློབ་ཞིབ་དཔྱད་སྦྱོང་སློབ་མའི་སློབ་གསོ་གསོ་སྦྱོང་ཚོགས་འདུ་ཟི་ལིང་དུ་བསྡུས། ད་ལོར་བསྡོམས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་གནས་བཞི། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་གཞོན་དར་ཆེད་ལས་ལག་རྩལ་འཇོན་མི་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་རྐང་འཛིན་པ20བདམས་ནས་ཅང་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ཚན་རིག་ཞིབ་འཇུག་ཁང་དང་སློབ་གླིང་གཙོ་བོ་རུ་དུས་ཡུན་ལོ་གཅིག་རིང་གི་སྐྱེད་སྲིང་བྱེད་པར་མངགས།
ཕུལ་དུ་བྱུང་བའི་གཞོན་དར་ཆེད་ལས་ལག་རྩལ་འཇོན་མི་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་རྐང་འཛིན་པ་རྩ་འཛུགས་བྱས་སན་ཅང་སུའུ་ཞིང་ཆེན་དུ་སློབ་ཞིབ་དཔྱད་སྦྱོང་བྱེད་པར་མངགས་པ་ནི། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་འཇོན་མིའི་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་བྱང་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཤུགས་ཡོད་བྱེད་ཐབས་ཀྱང་ཡིན། 2022ལོའི་ཟླ3ཚུན་དུ། མཚོ་སྔོན་གྱིས་བསྡོམས་པས་སྐོར་ཐེངས་གསུམ་གྱི་གཞོན་དར་འཇོན་མི་དྲུག་ཅུ་བདམས་ནས་ཅང་སུའུ་རུ་སློབ་ཞིབ་དཔྱད་སྦྱོང་བྱེད་པར་མངགས་པར་མ་ཟད། དཔྱད་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཐེངས་འདིར་བདམས་པའི་འཇོན་མི་ཉི་ཤུས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རང་སྡེ་ཁག་དང་རང་ཁྱབ་ཁོངས་ཀྱི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་པ་དང་། དཔྱད་སྦྱོང་གི་ཁ་ཕྱོགས་ལ་དམིགས་ནས། འབུར་ཐོན་གནད་དོན་དམ་འཛིན་བྱས་པ་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་དཀའ་གནད་ཁྱད་སེལ་བྱེད་པ་དང་། སེམས་ཞིབ་མོས་སློབ་སྦྱོང་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་པ། ཞིབ་འཇུག་ཟབ་མོ་བྱེད་པ། བསམ་གཞིགས་དང་གནད་དོན་ཁྱེར་ནས་འགྲོ་བ་དང་། གྲུབ་འབྲས་བླངས་ནས་ཕྱིར་ཡོང་བ། དཔྱད་སྦྱོང་གི་གྲུབ་འབྲས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་ག་ཏོང་རྒྱུ་རེད།
སློབ་ཞིབ་དཔྱད་སྦྱོང་སློབ་མས། མི་སྒེར་གྱི་ཆེད་ལས་འཇོན་ཐང་དང་མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། ཧུར་ཐག་གིས་འཇོན་ཐང་དེ་བྱ་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་བ། ཆེད་ལས་ཁྱབ་ཁོངས་ཀྱི་སྔོན་འགྲོ་བ་དང་བརྗེ་རེས་མཉམ་ལས་ཀྱི་འབྲེལ་འདྲིས་པ། འཕེལ་རྒྱས་ཐད་རོགས་འདེགས་བྱེད་པའི་ལག་བསྟར་པ་བྱེད་པ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་བཏང་སྟེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་གི་རྩིས་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།