མཚོ་སྔོན་གྱིས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་བསྡུས།
2024.06.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

 ཟླ5པའི་ཚེས30ཉིན།  ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་བསྡུས།

ད་ལོའི་ཟླ3པའི་ཚེས19ཉིན། སྐབས་དང་པོའི་རྒྱལ་ཡོངས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་གཟེངས་བསྟོད་བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱིའི་བཟོ་ཚོགས་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་སོགས་ཐུན་མོང 2 དང་མི་སྒེར 7 ལ་གཟེངས་བསྟོད་ཐོབ།

སྙན་ཞུ་ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཁག་བཞི་ཡི《སྐབས་དང་པོའི་རྒྱལ་ཡོངས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན》དང་མཚོ་སྔོན་ཞིང་ཆེན་གྱི་གྲོས་གཞི་ཡི་གེ་སྒྲོག་འདོན་བྱས།  གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང2དང་སྔོན་ཐོན་མི་སྒེར7ལ་བྱ་དགའི་རྟགས་མ་དང་། གཟེངས་རྟགས།  འཛིན་ཡིག་བཅས་བརྒྱུད་སྤྲོད་བྱས། སྔོན་ཐོན་ཐུན་མོང2ཀྱི་འཐུས་མི་དང་སྔོན་ཐོན་མི་སྒེར4ཡི་འཐུས་མིས་སོ་སོར་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་གཞིར་བཟུང་ནས་སྙན་ཞུ་ཕུལ།

ཉེ་བའི་ལོ་འགའི་རིང་ལ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་ཕྱོགས་གསུམ་གྱིས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བར་སྐུལ་འདེད་ཏན་ཏིག་བྱས་ཏེ།  ལས་བཟོ་པའི་ཁེ་དབང་ཕྱོགས་ཡོངས་ནས་འགན་སྲུང་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པ།  གྲོས་མོལ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། དུས་རབས་གསར་པའི་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་བ་སྒྲུབ་མཁན་གྱི་འགན་འཁྲི་དང་ཉམས་འགྱུར་གང་ལེགས་མཚོན།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གསར་འཛུགས་བྱེད་སྒོའི་ཁྲོད་ནས་ཐོན་པའི་སྔོན་ཐོན་དཔེ་མཚོན་སྔར་ལས་དྲིལ་སྒྲོག་ཆེན་པོ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྔོན་ཐོན་ལ་བརྩི་མཐོང་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པ་དང་། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་མཉམ་དུ་སེམས་ཁུར་དང་།  རྒྱབ་སྐྱོར།  ཟབ་ཞུགས་བཅས་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། དུས་རབས་གསར་པའི་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ལས་བཟོ་པ་གཞི་རྩར་འཛིན་པའི་ཞབས་ཞུའི་འདུ་ཤེས་བརྟན་པོར་འཛུགས་པ།  ཁེ་ལས་དང་ལས་བཟོ་པའི་ཁེ་ཕན་གྱི་གཅིག་མཐུན་ཚོགས་པ་སྲ་བརྟན་དུ་གཏོང་བ།  ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། འབྱུང་རྩ་ནས་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བཅས་བྱས་ནས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་ཞེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།