མཚོ་སྔོན་གྱིས《རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས།
2024.06.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 2026ལོའི་ལོ་མཇུག་གི་སྔོན་དུ། མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཆེན་པོའི་ལྟེ་གནས་དང་མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཆེན་པོའི་ཞབས་ཞུའི་ལས་སྟེགས་གཞི་རྩའི་ཆ་ནས་བསྐྲུན་ཐུབ།

གསར་འགོད་པས་ཟླ5པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ《རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།  མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས་པའི་བླང་བྱ་བཏོན།

ཇུས་གཞི་ཡིས་རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་གཙོ་བོར་འཛིན་པ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ།  མཁོ་སྤྲོད་ཐད་ཤུགས་འདོན་པ།  ཐོན་ཁུངས་སྐུལ་སྤེལ་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ།  རིམ་པ་བཞིན་ལག་བསྟར་བྱེད་པ།  ཀྲུང་དབྱང་གིས་གཙོ་ཁྲིད་དང་ས་གནས་ཀྱིས་གཙོ་འགན་འཁུར་བ་བཅས་ཀྱི་རྩ་དོན་ལྟར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་སྣེ་ཁྲིད་དུ་བརྩི་བ་དང་།  རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཆེན་པོའི་མ་ལག་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས།  རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་དགོས་པའི་བླང་བྱ་བཏོན།

ཇུས་གཞིའི་ནང་། 2026ལོའི་ལོ་མཇུག་གི་སྔོན་དུ། མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཆེན་པོའིལྟེ་གནས་དང་མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཆེན་པོའི་ཞབས་ཞུའི་ལས་སྟེགས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པར་མ་ཟད། རྒྱལ་ཁབ་ཀྱི་རིག་གནས་ཆེད་སྤྱོད་དྲ་བར་བརྟེན་ནས། རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཆེན་པོའི་མ་ལག་ས་ཁོངས་ལྟེ་གནས་དང་རྒྱལ་ཁབ་ཀྱི་རིག་གནས་གཞི་གྲངས་ཆེན་པོའི་ལྟེ་གནས་དང་འབྲེལ་མཐུད་བྱས་ཏེ།  གཞི་རྩའི་ཆ་ནས་དྲ་ངོས་དང་དྲ་ཕྱིའི་མཉམ་འདྲེས་མཉམ་འགུལ་དང་ལངས་གཟུགས་ཀྱིས་ཁེབས་པའི་རིག་གནས་ཞབས་ཞུའི་མཁོ་སྤྲོད་མ་ལག་ཆགས་པར་བྱེད་པ་དང་། 2035ལོའི་བར་དངོས་ལུགས་ཁྱབ་ཚུལ་དང་གཏན་ཚིགས་འབྲེལ་བ་ལྟར། མགྱོགས་མྱུར་ངང་འབྲེལ་མཐུད་དང་ནུས་ཆེའི་འཚོལ་ཞིབ། ཕྱོགས་ཡོངས་ནས་མཉམ་སྤྱོད་དང་གཙོ་གནད་གཅིག་འདུས་བཅས་ཀྱི་བླང་བྱ་ལྟར།  གཞི་རྩའི་ཆ་ནས་མཚོ་སྔོན་གྱི་རིག་གནས་གཞི་གྲངས་ཆེན་པོའི་མ་ལག་བསྐྲུན་པ་དང་།   ཞིང་ཆེན་ཡོངས་ཀྱི་རིག་གནས་ལས་ཁུངས་སྣ་ཚོགས་ཀྱི་རིག་གནས་གཞི་གྲངས་ཐོན་ཁུངས་ཀྱི་སྣེ་དང་། ཐོན་སྐྱེད་ཀྱི་སྣེ། འཛད་སྤྱོད་ཀྱི་སྣེ་བཅས་སུ་ཁྱབ་པར་བྱས་ཏེ། རིག་གནས་དང་ཚན་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་།  རིག་གནས་གཞི་གྲངས་ཅན་གྱི་ཐོན་སྐྱེད་དང་སྤྱི་པའི་རིག་གནས་ཞབས་ཞུ་གཞི་གྲངས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།