མཚོ་སྔོན་གྱི་གཙང་བོ་དང་མཚེའུའི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་།
2024.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན།    ལོ་བཅུའི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་མ་ལག་ཆ་ཚང་རང་བཞིན་དང་འབབ་རྒྱུད་མ་ལག་རང་བཞིན་ནས་མགོ་བརྩམས་ཏེ། རི་ཆུ་ནགས་ཞིང་།    མཚེའུ།    རྩྭ་ཐང་། བྱེ་འཁྱགས་སོགས་སྐྱེ་ཁམས་རྒྱུ་རྐྱེན་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་།    འབྱུང་ཁུངས་བཅོས་སྐྱོང་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    བྱེད་ཐབས་མང་པོ་སྤྱད་དེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་རྣམ་པ་གསར་པའི་ཆུ་དོ་དམ་ལམ་སྲོལ་འཁོར་སྐྱོད་བྱེད་ཤུགས་ཆེ་རུ་བཏང་བ་དང་།   མཚོ་དང་མཚེའུ་ཡི “ཟང་ཟིང་བཞིའི”གནད་དོན་ཁག1893ལ་ཞིབ་བཤེར་བཅོས་སྒྲིག་བྱས་པ་དང་།    གཙང་པོ་དང་མཚེའུ་ཡི་རྒྱང་ཚོར་རི་མོ་སྣ9585ལ་ཞིབ་བཤེར་བྱས་པ།    གནད་དོན་སྣ199གཏན་འཁེལ་བྱས་པ།    སྣ172ལ་དག་ཐེར་ལེགས་བཅོས་བྱས་ཟིན་པས་དག་ཐེར་བྱེད་ཚད86.4%ཟིན་ཡོད་ལ།    གཙང་པོ་དང་མཚེའུ་ཡི་གནད་དོན་ཇེ་ཉུང་དུ་ཕྱིན་པ་དང་རྣམ་པར་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚེའུ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་ཡོད།

མ་ལག་བཅོས་སྐྱོང་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་རིགས་ཀྱིས་ས་ཆུ་སྲུང་འཛིན་ལས་གཞི439ལག་བསྟར་བྱས་པ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4065བཅོས་སྐྱོང་བྱས་པ།    སྐྱེ་ཁམས་མ་ལག་གི་ས་ཆུ་སྲུང་འཛིན་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་པ།    ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཀྱི་བཅད་ངོས35ཡི་ཆུའི་སྤུས་ཚད་ཀྱི་ཚད་གཞིར་སླེབས་པའི་བསྡུར་ཚད100%ཟིན་ཡོད།     ཆུ་བོ་དང་མཚེའུ་ཡི་མ་ལག་བཅོས་སྐྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་ཆུ་བོ་དང་མཚེའུ་ཡི་བདེ་ཐང་གདེང་འཇོག་དང་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ 17འཛུགས་སྐྲུན་ལེགས་གྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཆུ་བོ་དང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་སྲུང་སྐྱོབ་བྱེད་པར་བློ་ཡིད་ཚིམ་ཚད90%ལས་བརྒལ་ཡོད།

ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་རྒྱུན་ཆད་མེད་པར་སླར་གསོ་བྱས་ཏེ་རྨ་ཆུའི་ཆུ་འགོའི་ཆུ་གློག་ས་ཚིགས་བཤིག་རྒྱུ་ལག་བསྟར་བྱེད་པ་དང་།   དེ་མིན་བཤིག་རྗེས་སྟོད་རྒྱུད་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ་བཅས་བྱས་ཏེ་ཙོང་ཆུ་དང་ན་གོར་མོ་ཆུ་བོ།     རོང་པོ་དགུ་ཆུའི་སྐྱེ་ཁམས་རྒྱུག་ཚད་འགན་སྲུང་ལག་བསྟར་ཇུས་གཞི་དོན་འཁྱོལ་དང་།    ཆུ་འདྲེན་རྣམ་པའི་ཆུ་གློག་ས་ཚིགས་ཀྱི་སྐྱེ་ཁམས་རྨང་རྒྱུག་གི་ཆུ་འབུད་ཚད་གཞི་གཏན་འཁེལ་བྱས་ནས། རྒྱལ་ཁབ་ཀྱི་འཐུང་ཆུ་གལ་ཆེའི་ཆུ་ཁུངས་བདེ་འཇགས་འགན་སྲུང་ཚད་གཞི་ལོན་པའི་འཛུགས་སྐྲུན་དང་དཔྱད་འཇོག་བྱ་བ་སྤེལ་དགོས།

དུས་མཚུངས་སུ་ཆུ་ལོག་འགོག་པའི་བདེ་སྲུང་ལ་ཤུགས་བསྣན་ཏེ། རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་སོགས་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་བཟོ་སྐྲུན་མ་ལག་མགྱོགས་མྱུར་འཐུས་ཚང་དུ་བཏང་སྟེ།    གནམ་གཤིས་སྲུང་སྐར་དང་ཆར་འཇལ་ལེ་ཏ། ཆར་ཆུ་འབབ་ཚད་ས་ཚིགས།    ཆུ་དཔྱད་ས་ཚིགས་བཅས་ལས་གྲུབ་པའི་ཆར་ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་“འགོག་སྲུང་འཛིང་རགས་གསུམ”འཛུགས་དགོས།     ཆུ་མཛོད་ཀྱི་ཆུ་ལོག་འགོག་པའི“འགན་འཁྲི་འཁུར་མཁན་གསུམ་”དང“རིམ་པ་གཙོ་བོ་གསུམ”དོན་འཁྱོལ་ནན་མོ་བྱས་ཏེ་ཆུ་ལོག་དང་ཐན་སྐྱོན་འགོག་པའི་ཆུ་འབྲུབ་དུས་བཀོད་གཏོང་བཀོད་འདོམས་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཆུ་མཛོད་དང་ཆུ་ལོག་གི་གནོད་འཚེ་འགོག་པའི་འགོག་སྲུང་།    འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་སོགས་ཀྱི་སྔོན་ཇུས་ཁག2449བཟོ་བཅོས་བྱས་ནས། ཆུ་ལོག་དང་ཐན་སྐྱོན་འགོག་པའི་“མ་ལག་ཆེན་པོ་གསུམ”འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

ཤ་བོ་རིན་མཚོས་བསྒྱུར།