ན་ནིང་གི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་བག་མར་སློང་རྟེན་མཐོན་པོ་བླངས་པའི་དོན་དག་སྟོང་གསུམ་དང་དོན་བརྒྱད་ལ་ཁ་ཏ་སློབ་སྟོན་བྱས་པ་དང་། གཉེན་སྟོན་སྟོང་དྲུག་དང་ཉིས་བརྒྱ་དང་བཅུ་གསར་སྒྲུབ་བྱས་ལ། འདས་དོན་སྟོང་བདུན་དང་ཉིས་བརྒྱ་གྱ་གཉིས་སྟབས་བདེའི་ངང་བསྒྲུབས་ནས། བསྡོམས་པས་མང་ཚོགས་ལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བདུན་ཁྲི་བདུན་སྟོང་བདུན་དྲུག་བརྒྱ་གྲོན་ཆུང་བྱས། ཉེ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་གྱིས་ཞིང་སྡེའི་གོམས་སྲོལ་སྒྱུར་བའི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ཕྲན་འབྲས་བཟང་བོ་བླངས་ཡོད།
ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་ཁུངས་ཀྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་གོམས་སྲོལ་སྒྱུར་བའི་ཆེད་དོན་བཅོས་སྐྱོང་བྱ་བའི་གཙོ་གནད་དང་མང་ཚོགས་ཀྱི་རེ་འདུན་གཙིགས་སུ་བཟུང་ནས། དམངས་སྲིད་སྡེ་ཁག་གིས་བག་མར་སློང་རྟེན་མཐོན་པོ་ལེན་པ་དང་གཉེན་སྟོན་རྒྱ་ཆེར་སྤེལ་བ་སོགས་ཀྱི་ཞིང་སྡེའི་གོམས་སྲོལ་སྒྱུར་བའི་གཙོ་གནད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་སྤེལ་བའི་བྱ་བའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱས་པ་དང་། སྲོལ་ངན་སྣ་བཅུ་འདོར་བ་དང་། སྲོལ་གསར་སྣ་བརྒྱད་དར་སྤེལ་གཏོང་བའི་བྱ་བའི་བྱེད་ཐབས་བཏོན། ཞིང་ཆེན་ཡོངས་ཀྱི་སྡེ་བ་སྟོང་བཞི་དང་དྲུག་བརྒྱ་རེ་བཞི་ཡིས་སྡེ་སྲོལ་དམངས་ཆིངས་དང་སྡོད་དམངས་ཀྱི་སྤྱི་ཆིངས་གཏན་འབེབས་དང་བཟོ་བཅོས་བྱེད་པར་མཛུབ་སྟོན་བྱས་པ་དང་། འདས་སྟོན་སྒྲུབ་པའི་ཚད་གཞི་དེ་ནང་དོན་གཙོ་བོར་བརྩིས་ནས་སྡེ་སྲོལ་དམངས་ཆིངས་ཁྲོད་འཇོག་པར་སྐུལ་འདེད་བཏང་སྟེ། གཉེན་སྟོན་དང་འདས་མཆོད་བྱེད་སྒོའི་བརྒྱུད་རིམ་ཚད་ལྡན་དུ་བཏང་བ་དང་། འདས་དོན་དུར་འཇུག་བྱ་བའི་དུས་ཚོད་ཇེ་ཐུང་དུ་བཏང་ལ། སྟོན་མོའི་གཞི་ཁྱོན་ཇེ་ཆུང་དུ་བཏང་ནས། མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།
ཞིང་ཆེན་ཡོངས་ཀྱི་གོམས་སྲོལ་སྒྱུར་བའི་ཕུལ་བྱུང་དཔེ་གཞིའི་ཉམས་མྱོང་བྱེད་ཐབས་ཁྱབ་གདལ་དུ་བཏང་བ་དང་། ས་ཆ་སོ་སོ་རུ་དེང་རབས་དཔལ་ཡོན་གྱི་དར་སྲོལ་གྲུབ་པར་སྐུལ་འདེད་བཏང་། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ས་ཆ་སོ་སོས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཁྲིམས་སྲོལ་དང་འགལ་བའི་སྒོ་ནས་གཉེན་སྟོན་དང་འདས་དོན་སྒྲུབ་པར་བཀག་འགོག་བྱེད་པའི་འབྲེལ་ཡོད་གཏན་ཁེལ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་གཉེན་སྟོན་དང་འདས་དོན་སྒྲུབ་པའི་སྐོར་གྱི་སྙན་ཞུ་གཉིས་དང་ཁས་ལེན་གཅིག་གི་ལྟ་སྐུལ་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པར་མཛུབ་སྟོན་བྱས་ཏེ། གཉེན་སྟོན་དང་འདས་དོན་སྒྲུབ་པའི་འགོ་མཇུག་བར་གསུམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་ཆེན་པོ་བསྣན། སྟབས་བདེ་ལུགས་མཐུན་གྱི་གཉེན་སྟོན་ཞབས་ཞུ་སྤེལ་རྒྱུའི་གྲོས་གཞི་བཏོན་པ་དང་། ས་ཆ་སོ་སོས་གྲོན་ཆུང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱེ་ཁམས་དུར་འཇུག་ཐོན་རྫས་དང་ཞབས་ཞུའི་མཁོ་འདོན་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་བས། གྲོན་ཆུང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུར་འཇུག་རྣམ་པ་འདེམ་པའི་མི་ཇེ་མང་དུ་སོང་བ་དང་། བསྡོམས་པས་འདས་པོ་སྟོང་དགུ་སུམ་བརྒྱ་ང་བརྒྱད་ཀྱི་ཁྱིམ་མིར་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་བརྒྱད་ཁྲི་གསུམ་བྱིན། ས་ཆ་སོ་སོས་མང་ཚོགས་ཀྱིས་ཞུགས་བདེ་བ་དང་ཞུགས་འདོད་པའི་རིགས་མི་འདྲ་བའི་དཔལ་ཡོན་གསར་འཛུགས་དང་བརྗོད་དོན་ལག་ལེན་བྱ་འགུལ་སྣ་ཚོགས་སྤེལ་བར་མཛུབ་སྟོན་བྱས་པ་དང་། རིག་གནས་ཀྱི་སིམ་འཛུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། མང་ཚོགས་ཀྱིས་འདུ་ཤེས་བསྒྱུར་བར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ལུགས་རྙིང་སྲོལ་ངན་ལ་འགོག་རྒོལ་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས།
རིན་ཆེན་མཚོས་བསྒྱུར།