མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭ་གསུམ་དུ་མི་དམངས་དྲག་ཆས་པུའུ་བཙུགས་པར་མ་ཟད་དམག་བསྡུ་དྲིལ་སྒྲོག་མཐོ་རིམ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ།
2024.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཅས་མཐོ་རིམ་སློབ་གྲྭ་གསུམ་དུ་མི་དམངས་དྲག་ཆས་པུའུ་འཛུགས་པའི་མཛད་སྒོ་ཟླ5ཚེས29ཉིན་ཟི་ལིང་དུ་བསྡུས་པར་མ་ཟད། ཟི་ལིང་གྲོང་ཁྱེར་གྱི་དམག་བསྡུ་དྲིལ་སྒྲོག་མཐོ་རིམ་སློར་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ།

བྱ་འགུལ་སྐབས་སུ། ཟི་ལིང་ཉེན་ཟོན་བདེ་སྲུང་དམག་སྤྱི་ཁུལ་ཏ་ཞའོ་དམག་སྤྱི་གཞོན་པ། ཟི་ལིང་གྲོང་ཁྱེར་དམག་བསྡུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཏུང་ཆི་ཁྲུན་གྱིས་མི་དམངས་བཅིངས་འགྲོལ་དམག་བཙུགས་པ་ནས་འགོ་བརྩམས་ཏེ། དུས་རབས་གསར་བའི་མི་དམངས་དམག་དཔུང་གིས་འགན་འཁྲི་ལས་འགན་ལག་བསྟར་བྱེད་པའི་དཔེ་གཞི་དང་། ཕུལ་བྱུང་དམག་མིའི་འཚར་ལོངས་འཇོན་འགྱུར་གྱི་གཏམ་རྒྱུད་ལ་བརྟེན་ནས། རྒྱ་ཆེའི་ལོ་རན་ན་གཞོན་གྱི་རྒྱལ་གཅེས་བསམ་པ་ཇེ་བརྟན་དུ་གཏོང་བ་དང་། དམག་སྐུལ་དང་ལེན་བྱེད་པ། མེས་རྒྱལ་གྱི་འདེམས་སྒྲུག་དང་ལེན་བྱེད་པ། དམག་སྒར་ནས་བྱས་རྗེས་འཇོག་རྒྱུའི་འབོད་སྐུལ་བཏང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དམག་ཁུངས་ནས་ཕྱིར་བུད་པའི་ཕུལ་བྱུང་སློབ་ཆེན་པ་ཧོང་ལེན་ཚུང་གིས་སློབ་སྦྱོང་དང་སྦྱོང་བརྡར། འཚོ་བ་སོགས་ཕྱོགས་ནས་རང་ཉིད་ཀྱི་དམག་ཞུགས་མྱོང་ཚོར་དང་ནར་སོན་གྲུབ་འབྲས། དམག་ཞུགས་བསམ་ཚུལ་མཉམ་རོལ་བྱས་པ་དང་། སློབ་གྲོགས་ཚོ་དམག་དཔུང་དུ་སོང་ནས་བྱས་རྗེས་འཇོག་པ་དང་། རང་འགུལ་གྱིས་མི་སྒེར་གྱི་ཕུགས་འདུན་འཚོལ་སྙེག་རྒྱལ་དར་དམག་དར་གྱི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱེད་པ། འགན་འཁྲི་དང་ཁག་ཁུར་ཕྲག་ཏུ་བླངས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་རྒྱལ་ཁབ་ངོ་གནོང་མི་དགོས་པ། ལང་ཚོར་ངོ་གནོང་མི་དགོས་པའི་ལེའུ་གསར་བ་འབྲི་རྒྱུའི་སྐུལ་མ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། སློབ་ཆེན་གསུམ་གྱི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་དོན་འཁྱོལ་བྱས་ལ། སློབ་མའི་དམག་སྦྱོང་དང་རྒྱལ་སྲུང་སློབ་གསོ། དམག་མི་བསྡུ་རུབ། བཀུར་གཉིས་མཉམ་འཛུགས་སོགས་ཕྱོགས་ནས། དུས་རབས་གསར་བའི་རྒྱལ་སྲུང་འཛུགས་སྐྲུན་ཐད་བྱས་རྗེས་ཆེན་པོ་བཞག་པ་དང་། སྤྱི་ཚོགས་ཀྱི་ཚུར་སྣང་ཆེན་པོ་བྱུང་།

བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་སྟེང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཧྲི་ཧི་ཡིས་བསྟན་དོན། སློབ་ཆེན་གྱི་དྲག་ཆས་པུའུ་ཡིས་རྒྱལ་སྲུང་སློབ་གསོར་བརྟེན་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་རྒྱལ་སྲུང་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཏང་གཉེར་དྲག་ཆས་ལམ་ལུགས་ནན་མོར་བརྟེན་ནས་དྲག་ཆས་པུའུ་འཛུགས་སྐྲུན་དམ་འཛིན་ཆུ་ཚད་མཐོར་འདེགས་གཏོང་བ། དམག་བསྡུ་དྲིལ་སྒྲོག་ལ་བརྟེན་ནས་སློབ་མ་སྔར་ལས་མང་པོ་དམག་ཞུགས་བྱེད་པར་སྐུལ་སློང་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།