མཚོ་སྔོན་གྱི་སྡེ་ཁག་བཅུ་གཅིག་གིས་རྒན་པར་ཟས་རིགས་རོགས་སྐྱོར་གྱི་ཞབས་འདེགས་ཞུ་རྒྱུ་རེད།
2024.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས28ཉིན། ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྡེ་ཁག11གིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱིས་རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་།    བཀོད་སྒྲིག་ལུགས་མཐུན་ཡིན་པ།    མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུའི་དྲ་རྒྱ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། རྒན་པར་སྟབས་བདེ་དང་གྲོན་ཆུང་། བདེ་སྡོད། བདེ་འཇགས་བློས་འགེལ་ཆོག་པའི་སྤུས་ལེགས་ཀྱི་ཟས་རིགས་རོགས་རམ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད།

ཇུས་གཞི་ལྟར་ན། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། གྲོང་ཁྱེར་སྲང་ལམ་གྱི་ཟས་རིགས་རོགས་སྐྱོར་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་ནས། གྲོང་ཁྱེར་སྡེ་ཁུལ80%ཡིས་ཟས་རིགས་རོགས་རམ་ཞབས་ཞུ་སྤེལ་ཏེ། རོང་འབྲོག་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུ་རྒྱ་སྐྱེད་གཏོང་ཚད་ལ་ཚད་བརྒལ་གསར་པ་མངོན་འགྱུར་བྱ་རྒྱུ་རེད།     2026ལོའི་ལོ་མཇུག་ཏུ་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སྡེ་ཁུལ་གྱི་རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་ནས། རོང་འབྲོག་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུའི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་ཕྱིན་ནས་སྣ་མང་མཁོ་སྤྲོད་བྱེད་སྟངས་གཞི་རྩའི་ཆ་ནས་ཆགས་པ་དང་།    རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་སྲ་བརྟན་དུ་ཕྱིན་པ།    རྒན་པའི་ཟ་མ་ཟ་བ་སྟབས་བདེ་དང་བློ་ཡིད་ཚིམ་ཚད་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

《ལག་བསྟར་ཇུས་གཞིའི》ནང་སྒྲིག་ཆས་འཛུགས་སྐྲུན་དང་སྣ་མང་ཟབ་ཞུགས།    ཞབས་ཞུའི་སྤུས་ཚད།    ཁ་གསབ་རྒྱབ་སྐྱོར།    ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སོགས་ཕྱོགས་ལྔའི་ཐད་ནས་ཞིབ་ཕྲའི་བྱེད་ཐབས་ཁག6བཏོན་ཡོད།    སྐོར་ཞིག་འཛུགས་པ་དང་སྐོར་ཞིག་གསར་འཛུགས་བྱེད་པ། སྐོར་ཞིག་བསྐྱར་སྐྲུན་བཅས་བྱས་ཏེ།    ཁག་གཅིག་ཁྱབ་འགྱེད་ཀྱིས་སྣེ་ཁྲིད་བྱེད་པ།    ཁག་གཅིག་རྒྱུད་འབྲེལ་གཉེར་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཟས་རིགས་རོགས་སྐྱོར་ཞབས་ཞུའི་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས།

རྒན་པའི་ཟས་རིགས་རོགས་སྐྱོར་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས།     སྡེ་ཁུལ་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སོགས་རྒན་གསོའི་སྒྲིག་གཞིས་རྒན་གསོའི་ཟས་རིགས་རོགས་སྐྱོར་ཞབས་ཞུ་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་ཏེ། འདོད་བློ་དང་ནུས་པ་ལྡན་པའི་ལས་ཁུངས་དང་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ཟ་ཁང་དང་། སྤྱི་ཚོགས་ཀྱི་བཟའ་བཏུང་ཁེ་ལས་སོགས་རྒན་པའི་ཟས་རིགས་རོགས་རམ་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་།    མཐའ་འཁོར་གྱི་རྒན་པར་ཟ་མ་མངག་ཉོ་དང་།    ཟ་ཁང་དུ་ཟ་བ།    ཟ་མ་སྐྱེལ་བ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས།

རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་དགོས།     རྒན་པའི་ཟས་རིགས་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ཚད་གཞི་བཟོ་བ་དང་།    རྩིས་ཐོ་གཅིག་གྱུར་སྒོས་དོ་དམ་ལག་བསྟར་བྱེད་པ།    ཟས་རིགས་བདེ་འཇགས་དང་སྡེབ་སྐྱེལ་བརྒྱུད་རིམ།    ཞབས་ཞུའི་རིན་གོང་།    ཞབས་ཞུའི་ཁ་གསབ་དང་འབྲེལ་ཡོད་བླང་བྱ་སོགས་ཀྱི་དོན་ཚན་གསལ་བོ་བཟོས་ནས་རྒན་པའི་ཟས་རིགས་རོགས་སྐྱོར་བྱེད་སའི་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་དགོས།     རྒན་པའི་ཟས་རིགས་རོགས་སྐྱོར་ཞབས་ཞུ་རྒྱུན་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས།     ཡུལ་བབ་དང་བསྟུན་ནས་རྒན་པའི་ཟས་རིགས་རོགས་སྐྱོར་བྱེད་སའི་གཉེར་སྐྱོང་ཁ་གསབ་ལམ་ལུགས་བཙུགས་ཏེ། རྒན་པའི་ཟས་རིགས་རོགས་སྐྱོར་བྱེད་པའི་ཞབས་ཞུའི་ལས་ཁུངས་ལ་གཉེར་སྐྱོང་ཁ་གསབ་དང་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས། ཟས་རིགས་རོགས་སྐྱོར་ཞབས་ཞུ་ལོངས་སུ་སྤྱོད་མཁན་གྱི་རྒན་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པར་ཁྱད་པར་ཡོད་པའི་ཁ་གསབ་སྟེར་དགོས།