མཚོ་སྔོན་གྱིས“གཅིག་ཅན་དྲུག”གི་རང་བྱུང་སློབ་གསོའི་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་བྱས།
2024.06.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

སྲིད་གཞུང་གིས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་། སྤྱི་ཚོགས་རྩ་འཛུགས་ཀྱིས་གསོ་སྐྱོང་། སློབ་གསོ་སྡེ་ཁག་དང་མཉམ་ལས་བྱེད་པ། སྤྱི་ཚོགས་མཉམ་ཞུགས་བྱེད་པ་བཅས་བརྒྱུད་དེ། མཚོ་སྔོན་གྱི་སྡེ་ཁག་མང་པོས་ལག་གདང་མཉམ་སྦྲེལ་གྱིས“གཅིག་ཅན་དྲུག”གི་རང་བྱུང་སློབ་གསོ་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཞིག་འཛུགས་སྐྲུན་བྱས། “སྣེ་ཁྲིད་རང་བཞིན་གྱི་སྲིད་ཇུས་མཛུབ་སྟོན་སྐོར་ཞིག་བཏོན་ནས་ཆེད་ལས་ཅན་གྱི་ཞབས་ཞུའི་མཛུབ་སྟོན་སྒྲིག་གཞི་བསྐྲུན་པ་དང་། སྣ་མང་ཅན་གྱི་རང་བྱུང་སློབ་གསོའི་ཚོད་ལྟ་བྱེད་ས་སྐོར་ཞིག་འཛུགས་པ། ཚད་གཞི་ཅན་གྱི་རང་བྱུང་སློབ་གསོའི་རྟེན་གཞི་སྐོར་ཞིག་འཛུགས་པ། མ་ལག་ཅན་གྱི་རང་བྱུང་སློབ་གསོའི་བསླབ་ཚན་སྐོར་ཞིག་གསར་སྤེལ་བྱས་ནས།   སྣ་མང་ཅན་བརྗོད་བྱ་ཡིན་པའི་ལག་ལེན་བྱ་འགུལ་གྱི་ཡིག་ཆ་སྐོར་ཞིག་གསར་སྒྲུབ་བྱས།” 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རང་བྱུང་སློབ་གསོའི་མ་ལག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་སློབ་གསོ་མ་ལག་ཅན་དུ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས《རྒྱལ་ཡོངས་ཀྱི་རང་བྱུང་སློབ་གསོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད (2023-2035) 》ལ་ཞིབ་བསྡུར་ནན་མོ་བྱས་ནས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། སློབ་གྲྭ་དེའི་ནང་ཞུགས་པ། མཉམ་འདྲེས་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་ནས་རང་བྱུང་སློབ་གསོ་དང་སློབ་གྲྭའི་བསླབ་ཚན་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཕུལ་བྱུང་དགེ་རྒན་རྣམས་རང་བྱུང་སློབ་གསོའི་སློབ་ཁྲིད་ཀྱི་ལག་ལེན་དུ་ཞུགས་པར་ཁྲིད་སྟོན་བྱས་ནས་གྲུབ་ཚུལ་ལུགས་མཐུན་དང་། བྱང་ཚད་བཟང་བ། ཆུ་ཚད་མཐོ་བ་བཅས་ཀྱི་རང་བྱུང་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན་ལ། བསླབ་ཚན་ཐོན་ཁུངས་འཛུགས་སྐྲུན་དང་གྲུབ་འབྲས་མཉམ་སྤྱོད་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གཙོ་གཞི་སྣ་མང་དང་། རིམ་པ་མང་བ། རྣམ་པ་ཕུན་སུམ་ཚོགས་པ་བཅས་ཀྱི་བསླབ་ཚན་མ་ལག་ཅིག་འཛུགས་པར་ཤུགས་བསྣན་ནས་རང་བྱུང་སློབ་གསོ་ཚད་ལྡན་སྒོས་སྤེལ་བར་སྣེ་ཁྲིད་བྱེད་རྒྱུ་རེད། 2025 ལོའི་བར་དུ་རང་བྱུང་སློབ་གསོ་རྟེན་གཞིའི་སློབ་གྲྭ100འཛུགས་སྐྲུན་བྱེད་རྒྱུ་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་རང་བྱུང་སློབ་གསོ་རྟེན་གཞིའི་སློབ་གྲྭ10དང་།  རང་བྱུང་སློབ་གསོའི་ཆེད་མཁས་པ100གསོ་སྐྱོང་བྱས་ནས།    གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་རང་བྱུང་སློབ་གསོའི་བསླབ་ཚན་གྱི་མ་ལག་ཆགས་པར་བྱེད་རྒྱུ་རེད།  2035ལོའི་བར་དུ་རང་བྱུང་སློབ་གསོའི་དཔེ་སྟོན་རྟེན་གཞི60དང་། སྤུས་ཚད་མཐོ་བའི་དཔེ་སྟོན་རྟེན་གཞི10གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞིང་། དེ་ལས་བྱེད་ནུས་ཆེ་བ་དང་སྒྲིག་ཆས་འཐུས་ཚང་ཡིན་པའི་རང་བྱུང་སློབ་གསོ་རྟེན་གཞིའི་མ་ལག་ཅིག་ཆགས་པར་བྱེད་རྒྱུ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།