ཞིང་ཆེན་ཞིབ་དཔྱོད་ཁང་གིས་མཚོ་སྔོན་གྱི་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བའི་རྒྱབ་ཤ་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས།
2024.06.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ5པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི2023ལོའི་མཚོ་སྔོན་གྱི་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བའི་རྒྱབ་ཤ་དཀར་པོའི་དཔེ་ཆ་འགྲེམ་སྤེལ་བྱས་ཤིང་། ཞིབ་བཤེར་འགན་སྒྲུབ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་སྒོས་ནར་མ་སོན་པའི་མིའི་བདེ་ཐང་འཚར་ལོངས་ལ་མཉམ་དུ་སྲུང་སྐྱོབ་བྱས།

དཔེ་ཆ་དེས་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་ཞིབ་བཤེར་གྱོད་སྒྲུབ་གཞི་གྲངས་དབྱེ་ཞིབ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བ། ནར་མ་སོན་པའི་མིའི་སྤྱི་ཕན་ཞུ་གཏུག་གི་ཞིབ་བཤེར་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆད་པ་གཅོད་པ་དང་ཉེས་འགལ་བྱ་བ་སྒྲུབ་པའི་ནར་མ་སོན་པའི་མི་ལ་གནད་འཁེལ་སློབ་རོགས་བྱེད་པ། ཕྱོགས་ཡོངས་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོབ་གཏིང་ཟབ་དུ་སྤེལ་བ་དང་། སྲུང་སྐྱོབ་དྲུག་གི་མཉམ་འདྲེས་ཤུགས་འདོན་ལ་སྐུལ་འདེད་གཏོང་བ།  ནར་མ་སོན་པའི་མིའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པ་དང་། བྱང་ཚད་མཐོ་བའི་ནར་མ་སོན་པའི་མིའི་ཞིབ་བཤེར་རུ་ཁག་འཛུགས་པ་བཅས་ཀྱི་ཐད་ནས་ཆེད་དོན་སྙན་ཞུ་ཕུལ། འདས་པའི་ལོ་ངོ་གཅིག་རིང་གི་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་། འདས་པའི་ལོ་ངོ་གཅིག་རིང་གི་མཚོ་སྔོན་གྱི་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བ་གསལ་བོར་མངོན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བར་ཕྱོགས་ཡོངས་དང་ཐད་ཀར་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

དཔེ་ཆ་ལས་བསྟན་དོན། 2023ལོར་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ལ། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་རྟོག་བྱ་བར་ཤུགས་སྣོན་པའི་བསམ་འཆར་དངོས་འབེབས་ནན་མོ་བྱས་ཤིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དུས་རབས་གསར་བའི་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི་བསམ་འཆར་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བ་ཆེད་དུ་སྙན་ཞུ་འབུལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། ནར་མ་སོན་པའི་བྱིས་པའི་ཞིབ་དཔྱོད་བྱ་བའི་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་བ་དང་། ཕན་ནུས་ཆེ་བའི་སྒོ་ནས་གྱོད་དོན་རེ་རེ་འབད་པས་སྒྲུབ་ཅིང་། ནར་མ་སོན་པའི་མིའི་སྤྱི་ཕན་ཞུ་གཏུག་གི་ཞིབ་བཤེར་བཅོས་སྒྱུར་ལ་སྐུལ་འདེད་ཟབ་མོ་བཏང་བ་དང་། ནར་མ་སོན་པའི་མིའི་ཕྱོགས་ཡོངས་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཤིང་།  ཁྲིམས་འཛིན་སྲུང་སྐྱོབ་ཀྱིས་སྲུང་སྐྱོབ་དྲུག་གིས་གཅིག་འབྲེལ་ཤུགས་འདོན་བྱེད་པར་གཞོགས་འདེགས་བྱས་ཤིང་། ནར་མ་སོན་པའི་མིའི་ཉེས་འགལ་དོགས་ཟོན་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དངོས་གཉེར་གཏིང་ཟབ་སྒོས་སྤེལ་ཏེ། ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བར་ཕན་འབྲས་གསར་བ་བླངས།

ལྷ་མོ་འཚོས་བསྒྱུར།