མཚོ་བྱང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་འདྲིས་ས་ཚིགས་ཅི་ནན་དུ་བཙུགས།
2024.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ6ཚེས2ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་འདྲིས་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ཧྲུན་ཐའེ་ཐང་ཆེན་དུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧྲན་ཏུང་དུ་སྡོད་པའི་འབྲེལ་འདྲིས་ས་ཚིགས་འཛུགས་རྒྱུ་ནི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཇུས་ཆོད་བཀོད་སྒྲིག་གི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གསར་གཏོད་བྱེད་ཐབས་ཡིན་པ་དང་། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ལག་ལེན་གྱི་འཚོལ་ཞིབ་ཀྱང་ཡིན་ལ། མཚོ་བྱང་ཁུལ་གྱི་ཚོང་འགུག་དངུལ་འདྲེན་དང་འཇོན་མི་ནང་འདྲེན་བྱེད་པའི་འགུལ་སྐྱོད་དངོས་དེ་ལས་ཀྱང་ཡིན། དེའི་དམིགས་འབེན་ནི་འབྲེལ་འདྲིས་ས་ཚིགས་ཀྱིས་ཁ་གཏད་རོགས་སྐྱོང་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་དེ། ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཚོང་འགུག་དངུལ་འདྲེན། རིག་གནས་ཡུལ་སྐོར། གསར་བརྗེའི་ཞིབ་སློབ་སོགས་ཕྱོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་ཧྲན་ཏུང་དུ་སྐྱེལ་བ། ཤེས་ཡོན་པ་དང་ཚོང་བ། སྐུ་མགྲོན་སྔར་ལས་མང་པོས་མཚོ་བྱང་ལ་དོ་སྣང་བྱེད་པ་དང་མཚོ་སྔོན་དུ་ཡོང་བ། མཚོ་བྱང་ལ་དངུལ་གཏོང་བར་ནང་འགུག་བྱེད་རྒྱུ་དེ་ཡིན།


རིན་ཆེན་མཚོས་བསྒྱུར།