མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.06.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་སྟེང་རྒྱལ་ཡོངས་ཏང་གི་ལོ་རྒྱུས་དང་ཡིག་རྙིང་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་གྲོས་ཚོགས་ཀྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་ཤིང་། 2023ལོའི་བྱ་བར་ཕྱོགས་བསྡོམས་དང2024ལོའི་ལས་འགན་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་གི་ལོ་རྒྱུས་བྱ་བར་ཁྲིད་སྟོན་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཡིག་རྙིང་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པའི་བླང་བྱ་ལག་བསྟར་བྱེད་པ་དང་།  བློ་དཀར་དང་། བདེན་སྲུང་། ཚན་རིག གཟབ་ནན་བཅས་ཏང་གི་ལོ་རྒྱུས་མི་སྣའི་རང་བཞིན་རྒྱུད་འཛིན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག་ལག་བསྟར་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་བྱ་བའི་འཆར་གཞི་དངོས་འབེབས་གང་ལེགས་བྱས་ནས། ཏང་གི་ལོ་རྒྱུས་མི་སྣའི་མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་འགན་འཁྲི་ཁག་ཁུར་མངོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་པར་ཏང་གི་ལོ་རྒྱུས་ཀྱི་བློ་གྲོས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གང་ལེགས་བྱེད་པ་དང་། ཏང་གི་ལོ་རྒྱུས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ནང་འཇུག་གསུམ་དང་དཔྱད་འཇོག་གཅིག་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་ལོ་རྒྱུས་བྱ་བ་དེ་གྲོས་རིམ་གཙོ་བོའི་ནང་འཇོག་པ་དང་། ལོ་རེར་ཏང་གི་ལོ་རྒྱུས་བྱ་བའི་སྙན་ཞུར་ཐེངས་གཅིག་ལ་ཉན་ཞིང་། དངོས་ཡོད་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན། ས་གནས་སོ་སོའི་ཏང་གི་ལོ་རྒྱུས་བྱ་བའི་ལས་བགོས་དོ་དམ་མགོ་ཁྲིད་དང་། ཏང་གི་ལོ་རྒྱུས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་ཚོགས་ལས་འཛིན་ལྷན་ཚོགས་སོགས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།