2024ལོའི་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཚན་རྩལ་གཟའ་འཁོར་གྱི་བྱ་འགུལ་མགོ་བརྩམས།
2024.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ6པའི་ཚེས4ཉིན། རྒྱལ་ཁབ་ནགས་རྩྭ་ཅུའུ་ཚན་རིག་ལག་རྩལ་སི་དང་།    མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ།    མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན།    མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ནགས་རྩྭ་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་མཚོ་སྔོན་ཡན་ལག་ཚོགས་ར་དང་། 2024ལོའི་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཚན་རྩལ་གཟའ་འཁོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་མགོ་བརྩམས།

བྱ་འགུལ་སྤེལ་བའི་ཉིན་དེར་གཙོ་སྒྲུབ་ཕྱོགས་ཀྱིས་རྒྱལ་ཁབ་ནགས་རྩྭའི་ཡུལ་བབ་ཆེད་མཁས་པ་དང་ཆེས་མཛེས་པའི་ནགས་རྩྭ་ཚན་རྩལ་ཁྱབ་གདལ་མི་སྣར་གདན་ཞུའི་ཡི་གེ་དང་ལག་ཁྱེར་བྱིན་པ་དང་།    རྒྱལ་ཁབ་ནགས་རྩྭ་མཐོ་འཁྱག་རྩྭ་ཐང་འཚམ་མཐུན་རང་བཞིན་གྱི་དོ་དམ་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་ཚན་རྩལ་ཞབས་ཞུའི་ཚོགས་པ་གསུམ་ལ་བྱང་བུ་དང་དར་ཆ་བྱིན་ནས། 2024ལོའི་རྒྱལ་ཁབ་ནགས་རྩྭ་ཅུའུ་ཚན་རྩལ་ཞབས་ཞུ་ཚོགས་པའི་ཚན་རྩལ་ཞིང་སྡེ་རུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།     དུས་མཚུངས་སུ་ཚན་རིག་འགྲེམས་སྟོན་དང་མཚོ་སྔོན་ནགས་རྩྭ་ཚན་རིག་ཁྱབ་གདལ་འགྲེལ་བཤད་སོགས་ཀྱི་བྱ་འགུལ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་དང་ནགས་རྩྭ་ཚན་རིག་ཁྱབ་གདལ་གྱི་ནུས་པ་ཇེ་ཆེར་གཏོང་བ།    སྤྱི་ཚོགས་སྤྱི་དམངས་ཀྱིས་ཚན་རིག་ལ་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རང་བྱུང་ཁམས་ལ་དགའ་ཞེན་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་རྣམ་པ་ཧུར་ཐག་གིས་བསྐྲུན་རྒྱུ་རེད།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡན་ཐིན་ཆང་གིས་བཤད་རྒྱུར།  “ནགས་རྩྭ་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་དང་ནགས་རྩྭ་ཚན་རིག་ཁྱབ་གདལ་བྱ་འགུལ་སྤེལ་བ་བརྒྱུད། གསར་གཏོད་གྲུབ་འབྲས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་དང་དམངས་འཚོའི་བདེ་སྐྱིད་ལ་ཕན་པ་ཐོབ་པ་དང་། ནགས་རྩྭ་ལས་རིགས་ཀྱི་གསར་གཏོད་གསོན་ཤུགས་སྔར་ལས་འཕེལ་ཐུབ་པ་བྱ་རྒྱུ་ཡིན”ཟེར།

རྒྱུས་ལོན་པ་ལྟར་ན།   མཚོ་སྔོན་ཡན་ལག་ཚོགས་རས་ད་དུང“རྒྱལ་ཁབ་ནགས་རྩྭའི་ཚན་རྩལ་འཆད་ཁྲིད་ཆེན་མོ།”“ཚན་རིག་དང་མཐུན་པའི་སྐོར་སྲུང་དང་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པ”ཞེས་པའི2024ལོའི་ཚན་རིག་དང་མཐུན་པའི་ལུས་སྦྱོང་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རབ་དང་རིམ་པ་དང་། དེ་མིན་སྐོར་སྲུང་པའི་རྩལ་ནུས་འགྲན་བསྡུར་དང་ནགས་རྩྭ་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།