ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཧྲན་ཏུང་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་སོང་ནས་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་སྤེལ་བ་དང་། སྟེགས་བུ་གསར་པ་བཙུགས་པ་དང་ཚོང་ར་གསར་པ་གསར་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་ཆེད་བཟོ་ཚོགས་ཀྱི་སྟོབས་ཤུགས་ཕུལ།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དྲིལ་སྒྲོག་ངོ་སྤྲོད་ཀྱི་བརྗོད་དོན་ལ་དམིགས་ནས། ཧྲན་ཏུང་ཞིང་ཆེན་སྤྱིའི་བཟོ་ཚོགས་བར་གྱི་སྦྲེལ་མཐུད་བརྗེ་རེས་ལ་ཤུགས་བསྣན་པ་དང་། རིག་གནས་ཡུལ་སྐོར་དྲིལ་སྒྲོག་གློག་བརྙན་གཏོང་བ་དང་གླུ་གར་འཁྲབ་སྟོན་དང་བསམ་བློ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་དང་ཁུལ་གནས་ཀྱི་དགེ་མཚན། ཐོན་ཁུངས་ཀྱི་དགེ་མཚན། སྨན་བཅོས་ལུས་གསོའི་རྟེན་གཞིའི་ཁྱད་ཆོས་སོགས་གནས་ཚུལ་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་པ་དང་། ཞིང་ཆེན་གཉིས་ཀྱིས་ལས་བཟོ་པའི་སྨན་བཅོས་ལུས་གསོའི་མཉམ་ལས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་སྨན་བཅོས་ལུས་གསོའི་སྟེགས་བུ་བཙུགས།
རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པའི་དམིགས་འབེན་གཙིགས་སུ་བཟུང་ནས། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཧྲན་ཏུང་ཞིང་ཆེན་སྤྱིའི་བཟོ་ཚོགས་བར་རང་སོ་སོའི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོའི་བྱ་བ་དང་། སྨན་བཅོས་ལུས་གསོའི་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ཉམས་མྱོང་བྱེད་ཐབས་བརྗེ་རེས་བྱས། ཧྲན་ཏུང་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོ་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཧྲན་ཏུང་གི་རིམ་པ་སོ་སོའི་བཟོ་ཚོགས་དང་མཐུན་སྦྱོར་བྱས་ནས་མཚོ་སྔོན་དེ་ཧྲན་ཏུང་ཞིང་ཆེན་བཟོ་ཚོགས་ཀྱི་སྨན་བཅོས་ལུས་གསོའི་དམིགས་འབེན་ས་ཆའི་ཁྲོད་བཞག་སྟེ། ཞིང་ཆེན་གཉིས་ཀྱི་བཟོ་ཚོགས་ཀྱི་ལུས་གསོའི་ཐད་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་དང་མཉམ་དུ་བྱ་གཞག་གསར་པ་གཉེར་བ་དང་། མཉམ་དུ་ས་གཉིས་ཀྱི་སྨན་བཅོས་ལུས་གསོའི་རྟེན་གཞིའི་ཚོང་རྟགས་མིང་གྲགས་ཅན་གྱི་སྣེ་ཁྲིད་ནུས་པ་དང་འགྱེད་འཕྲོའི་ནུས་པ། ཤན་ཤུགས་བཅས་མཐོར་འདེགས་སུ་བཏང་།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་། དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། རིག་གནས་ཡུལ་སྐོར་གྱི་ཁེ་ལས་གཙོ་བོ་དང་ལས་གཞི་གཙོ་བོ་ངོ་སྤྲོད་དང་ནང་འགུག་བྱས་པ་དང་། ས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་བར་སྟོང་སྔར་ལས་རྒྱ་ཆེན་པོ་འདོན་སྤྲོད་བྱས་ལ། ས་གཉིས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྨན་བཅོས་ལུས་གསོའི་བྱ་བའི་ཐད་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་དགེ་མཚན་ཁ་གསབ་བྱེད་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས་གོམ་སྟབས་གསར་པ་བསྒྱུར་བ་དང་རྨང་གཞི་གསར་པ་འདིང་བར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།