ལྔ་པའི་བ་བཞིའི་གུང་གསེང་གི་ཉིན་དང་པོར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར2ལས་བརྒལ། ཚེས9ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་པ་ལྟར་ན། ཟླ6པའི་ཚེས8ཉིན་ཏེ་ལྔ་པའི་བ་བཞིའི་གུང་གསེང་གི་ཉིན་དང་པོར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་མི་ཐེངས་དུང་ཕྱུར་གཉིས་དང་ས་ཡ་བརྒྱད་འབུམ་དྲུག་ཁྲི་བདུན་དང་སྟོང་གཅིག་འཁོར་རྒྱུག་བྱས་པ་རེད།
ཞིབ་ཕྲའི་སྒོ་ནས་བལྟས་ན། ལྕགས་ལམ་གྱི་འགྲུལ་པའི་སྐྱེལ་འདྲེན་གྱི་ཚད་མི་ཐེངས་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གཉིས་ཁྲི་བཞི་དང་སྟོང་དྲུག་དང་། ཆུ་ལམ་གྱི་འགྲུལ་པའི་སྐྱེལ་འདྲེན་གྱི་ཚད་མི་ཐེངས་འབུམ་བདུན་དང་ཁྲི་དགུ་སྟོང་གཅིག དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པའི་སྐྱེལ་འདྲེན་གྱི་ཚད་མི་ཐེངས་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཅིག་སྟོང་བཞི་ཟིན་ཡོད། གཞུང་ལམ་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་བདུན་ཁྲི་གཉིས་ཟིན་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་དཀྱུས་མའི་ལས་གཉེར་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་གཅིག་འབུམ་བདུན་ཁྲི་གཅིག་ཟིན་པ་དང་། གཞུང་ལམ་ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ་གསུམ་དང་ས་ཡ་བདུན་ཁྲི་གཅིག་ཟིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།