སྡེ་ཁག་མང་པོས་ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས།
2024.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།    སྐྱེ་ཁམས་ཁོར་ཡུག་པུའུ།    ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ།    རྒྱལ་ཁབ་ནུས་ཁུངས་ཅུའུ་སོགས་སྡེ་ཁག་གིས་ཉེ་ལམ《ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཆེད་དོན་འགུལ་སྐྱོད་འཆར་གཞི》ཁྱབ་བསྒྲགས་བྱས་ནས། ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་སྒྱུར་བཀོད་དང་ནུས་སྤྱོད་སྒྲིག་ཆས་གསར་པར་བརྗེ་བའི་བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་།

ངར་ལྕགས་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་ཐོན་ལས་གལ་ཆེན་ཞིག་ཡིན་ལ།    ནུས་ཁུངས་ཟད་གྲོན་དང་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད་པའི་ལས་རིགས་གཙོ་བོ་ཞིག་ཀྱང་ཡིན།     བྱ་སྤྱོད་འཆར་གཞིའི་ནང2024ལོ་ནས2025ལོའི་བར་ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད། ནུས་སྤྱོད་སྒྲིག་ཆས་གསར་པར་བརྗེ་བ་བརྒྱུད་རྡོ་སོལ་ཏུན་བྱེ་བ་གཉིས་ཙམ་གྲོན་ཆུང་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་ཏུན་བྱེ་བ་ལྔ་དང་ས་ཡ་གསུམ་གྱིས་ཇེ་ཉུང་དུ་གཏོང་ཐུབ།

འགུལ་སྐྱོད་འཆར་གཞིའི་ནང་ད་དུང2030ལོའི་ལོ་མཇུག་ཏུ་སླེབས་སྐབས། ངར་ལྕགས་ལས་རིགས་ཀྱི་ལས་རིམ་གཙོ་བོའི་ནུས་འབྲས་སྔར་ལས་ཇེ་ཆེར་ཕྱིན་ནས། ནུས་ཁུངས་སྤྱོད་པའི་སྒྲིག་ཆས་གཙོ་བོའི་ནུས་འབྲས་གཞི་རྩའི་ཆ་ནས་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་།    ངར་ལྕགས་ཏུན་གཅིག་ལ་ཕྱོགས་བསྡུས་ནུས་ཁུངས་ཟད་གྲོན་དང་ཐཱན་འབུད་ཚད་མངོན་གསལ་སྒོས་ཇེ་ཉུང་དུ་འགྲོ་སྲིད།   ནུས་ཁུངས་སྤྱོད་པའི་གྲུབ་ཆ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བ་དང་།   ཐབ་ཆེན་གྱི་དབྱང་ཕྱུག་ལག་རྩལ་དང་ཆིང་ལྕགས་བཞུའི་ལག་རྩལ་སོགས་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྔོན་ཐོན་ལག་རྩལ་ལ་ཚད་བརྒལ་འབྱུང་སྲིད་ལ།    ལས་རིགས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ལེན་ཐུབ།

ཤ་བོ་རིན་མཚོས་བསྒྱུར།