ཚོང་དོན་པུའུ་ཡིས་ཡོ་རོབ་དང་ཀྲུང་གོའི་མ་དངུལ་གཏོང་བའི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ མཉམ་རྒྱལ་གྱི་འགྲན་རྩོད་བཟང་བོ་དར་སྤེལ་བཏང་།
2024.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཉེ་ལམ་ཚོང་དོན་པུའུ་ཡིས་སི་ཕེན་དང་ཕོར་ཐིའུ་ཀལ། ཀེ་རི་སེ་སོགས་སུ་སྔ་རྗེས་སུ་ཀྲུང་གོའི་མ་དངུལ་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས།  ཡོ་རོབ་དང་ཀྲུང་གོའི་ཁེ་ལས་དང་ཚོང་ལས་མཐུན་ཚོགས་ཀྱི་གྲོས་མོལ་དང་རེ་འདུན་ལ་ཉན་ཞིང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ནས་དཔལ་འབྱོར་ཚོང་དོན་གྱི་འགལ་བ་ཐག་གཅོད་འོས་འཚམ་དང་། ཕྱོགས་གཉིས་ཀྱིས་ལུགས་མཐུན་གྱི་དོ་ཁུར་བྱེད་པར་ལྟ་རྟོག་བྱས་ནས་ཉོ་འཚོང་གི་འགལ་བ་ཆེ་རུ་འགྲོ་བར་སྔོན་འགོག་དང་མཉམ་ལས་གཉིས་ཕན་དར་སྤེལ་གཏོང་བ།  འགྲན་རྩོད་བཟང་པོ་ལ་དགའ་བསུ་ཞུ་བའི་འབོད་སྐུལ་བཏང་།

ཁེ་ལས་ཀྱི་འཐུས་མི་ཁག་ཅིག་གིས་ཉེ་ལམ་ཡོ་རོབ་མནའ་འབྲེལ་གྱིས“དྲང་གཞག་འགྲན་རྩོད”ཟེར་བ་རྒྱུ་མཚན་དུ་བྱས་ནས།   ཀྲུང་གོའི་མ་དངུལ་བཏང་བའི་ཁེ་ལས་ལ་མུ་མཐུད་དུ་གནོན་ཤུགས་བྱིན་ཡོད་པར་བསྟན།  ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་ཀྱིས་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན།  ཡོ་རོབ་དང་ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ཚོང་གཉེར་ཁོར་ཡུག་ལ་སྤྱི་ཡོངས་ནས་གདེང་འཇོག་བྱས་པ་ལོ་བཞི་ལ་བསྟུད་མར་མར་ཆག་ཡོད་པ་དང་།  འཕེལ་ཕྱོགས་དེ་ལ་མི་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པ་ཞིག་རེད། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཕོར་ཐིའུ་ཀལ་གྱི་ལི་སི་པིན་དུ་ཀྲུང་གོའི་མ་དངུལ་ཁེ་ལས་ཀྱི་སྒོར་ཅོག་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན།    འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོའི“དྲང་གཞག་མིན་པའི་འགྲན་རྩོད”ལ་སྐྱོན་འཛུགས་བྱས་པ་དེ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། དྲང་གཞག་འགྲན་རྩོད་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ངོས་འཛིན་གཅིག་མཐུན་དང་རྒྱལ་སྤྱིའི་འགྲོ་འོང་གི་རྨང་རྡོ་ལྟ་བུ་ཡིན་པས། རྒྱལ་ཁབ་ཉུང་ཤས་ཀྱིས་མཚན་ཉིད་བཞག་ན་འགྲིག་པ་ཞིག་མ་རེད།    འདྲ་མཉམ་གྱི་འགྲན་རྩོད་ངོ་མ་ནི་རང་ཉིད་ཀྱིས་འབད་བརྩོན་བྱས་ནས་སྔར་ལས་མགྱོགས་པོར་རྒྱུག་དགོས་པ་ལས། ཐབས་བརྒྱ་ཇུས་སྟོང་གིས་གཞན་འགྱེལ་བར་བྱེད་རྒྱུ་དེ་མིན།  སྒོ་འབྱེད་མཉམ་ལས་དང་འདྲ་མཉམ་གཉིས་ཕན་ཡིན་དགོས་པ་ལས། བཀག་སྡོམ་གཞན་འབུད་དང་ཕྱོགས་ཁག་བསྒྲིགས་དེ་རྒྱུ་མིན། རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་བྱུང་བའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་ལས། སྒྲིག་སྲོལ་གང་འདོད་དུ་གཏོར་བ་དང་བཟོ་བཅོས་བྱེད་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་གཉིས་རྒྱལ་དར་སྤེལ་གཏོང་བཞིན་ཡོད་མོད། འོན་ཀྱང་འགྲན་རྩོད་ལ་གཡོལ་ཐབས་མེད་ལ་སྐྲག་མི་དགོས། འགྲན་རྩོད་བཟང་པོ་ལ་དགའ་བསུ་ཞུ་རྒྱུ་དང་། བཀག་འགོག་དང་གནོན་ཤུགས་ཀྱི་འགྲན་རྩོད་ངན་པ་ལ་ངོ་རྒོལ་བྱེད་ཀྱི་ཡོད།

ཁེ་ལས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་བྱས་ནས།  ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ཡོ་རོབ་དང་མཉམ་ལས་བྱེད་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐད་ནས་ཝང་ཝུན་ཐའོ་ཡིས་བསྟན་དོན།  སི་ཕེན་གྱི་པ་སའེ་ལུའོ་ན་ནས་ཆི་རུའེ་ཨའེ་པུའུ་ལུའོ་མ་རྩ་མཉམ་འཇོག་བཟོ་གྲྭར་རྟོག་ཞིབ་བྱེད་སྐབས།  ཀྲུང་གོ་དང་ཡོ་རོབ་བར་འགྲན་རྩོད་ཡོད་ལ་མཉམ་ལས་དེ་བས་ཀྱང་ཡོད་པས་འགྲན་རྩོད་བཟང་པོའི་ཁྲོད་མཉམ་ལས་རྒྱ་ཆེར་གཏོང་བ་དང་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་དེ་ནི་འགྲོ་མཐུན་གྱི་ཐབས་ལམ་ཡང་དག་པ་ཞིག་རེད། ཡོ་རོབ་ཕྱོགས་ཀྱིས་ཚོང་དོན་སྲུང་སྐྱོང་རིང་ལུགས་དོར་ནས་གྲོས་མོལ་མཉམ་ལས་ཀྱི་ཡང་དག་པའི་ལམ་དུ་ལོག་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས།  ལས་གཞི་དེ་ཀྲུང་གོ་དང་ནུབ་ཕྱོགས་དང་ཐ་ན་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཉོ་འཚོང་ མཉམ་ལས་ཀྱི་ལས་གཞི་གལ་ཆེན་ཞིག་ཏུ་བསྒྱུར་ནས།  ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་མཉམ་ལས་བྱེད་པ་དང་ཐོན་ལས་ཕྲེང་སྦྲེལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་དཔེ་མཚོན་ཞིག་ཏུ་འགྱུར་བར་རེ་བ་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།