ཟླ6པའི་ཚེས4ཉིན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་བརྙན་ལམ་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་སྡེ་ཁུལ་ཡོ་བསྲང་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གཉིས་ཀྱི་ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་བསྟན་དོན། ས་གནས་སོ་སོས“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་ལེན་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས“ཤུགས་སྣོན་བཞིའི”ཐད་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཐུབ་པ་ཁག་ཐེག་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་སྤྱོད་དེ་ས་གནས་དེ་གའི་བདེ་འཇགས་འཛུགས་སྐྲུན་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་སྤྱི་ཡོངས་བྱ་བའི་གཅིག་གྱུར་འཆར་འགོད་དང་དུས་མཉམ་དུ་སྐུལ་འདེད་གཏོང་བའི་ཁྲོད་འཇུག་དགོས། བྱ་བའི་མཛུབ་ཁྲིད་ལ་ཤུགས་བསྣན་ཏེ་དུས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་རྗེས་འདེད་ཕན་འབྲས་འདྲི་རྩད་བྱ་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དྲ་ཐོག་དང་ཡུལ་དངོས་ཀྱི་སྨྱན་བྱད་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་གནས་སུ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་བསྡོམས་དཔྱད་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ས་གནས་སོ་སོའི་བྱ་བའི་འཕེལ་རིམ་དང་ཕན་འབྲས་ཕྱོགས་སྡོམ་བྱེད་པ། དཔྱད་འཇོག་བྱས་མཇུག་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུ”ཡི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ནས། “ལོ་གཉིས་ལ་ཕན་འབྲས་མངོན་པའི”དམིགས་འབེན་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ། ལག་བསྟར་ལྟ་སྐུལ་ཞིབ་བཤེར་བྱེད་པ། སློབ་གསོའི་རོགས་སྐྱོར། རྨང་གཞིའི་འགན་སྲུང་། ནུས་པ་འཛུགས་སྐྲུན་སོགས་ཐད་འབད་བརྩོན་བྱས་ན་ཕན་འབྲས་ཐོན་ཐུབ་པ་དང་། སྡེ་ཁུལ་ཡོ་བསྲང་བྱ་བའི་འདུ་ཤེས་དང་། ནང་དོན་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། སྡེ་ཁུལ་ཡོ་བསྲང་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གཉིས་ཀྱི་འགུལ་སྐྱོད་ཏན་ཏིག་དང་གོ་རིམ་ལྡན་པ། ནུས་ལྡན་བཅས་ཀྱི་སྒོ་ནས་རྩ་འཛུགས་ལག་བསྟར་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་གྲུབ་འབྲས་གསར་པ་ལེན་དགོས།
ཤ་བོ་རིན་མཚོས་བསྒྱུར།