མཚོ་སྔོན་གྱིས་དངུལ་བུན་སྐྱེད་ཀའི་ཁ་གསབ་མ་དངུལ་བྱིན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས།
2024.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད།    ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་གྱིས2024ལོའི་མི་རིགས་ཚོང་དོན་དང་མི་རིགས་དམིགས་བསལ་མཁོ་བའི་ཚོང་ཟོག་ཐོན་སྐྱེད་དངུལ་བུན་གྱི་སྐྱེད་ཀའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་ཁྲི་དྲུག་བཏང་སྟེ། གྲོང་ཁྱེར་དང་ཁུལ་བདུན་གྱི་དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས28ལ་ཕན་པ་ཐོབ།

2024ལོ་ནས་བཟུང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནོར་སྲིད་ཐིན་དང་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་དུ་གྲོང་ཁྱེར་དང་ཁུལ་བདུན་གྱི་རྫོང20ལ་ཞིབ་བཤེར་ཕུལ་བའི་ཁེ་ལས39ཡི་དངུལ་བུན་རེ་ཞུའི་སྐྱེད་ཀ་སྟེར་བའི་དཔྱད་གཞིའི་ཡིག་རིགས109ལ་ཞིབ་བཤེར་བྱས་ནས། མཐར་ཁེ་ལས28ཀྱི་དངུལ་བུན92གཏན་འབེབས་དང་མཐུན་པ་གཏན་འཁེལ་བྱས་པ་དང། སྐྱེད་ཀ་སྟེར་ཚད2.88%གཞིར་བཟུང་ནས་སྐྱེད་ཀ་སྟེར་བའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ཁྲི་དྲུག་ཞིབ་བཤེར་གཏན་འཁེལ་བྱས་པ་དང་། སྤྲད་པའི་སྐྱེད་ཀའི་མ་དངུལ་ཐད་ཀར་རྫོང་ལ་སྟེར་རྒྱུ་རེད།     དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་དངུལ་བུན་གྱི་སྐྱེད་ཀ་ཐོབ་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚེ། ཁེ་ལས་ཀྱི་ཐོན་སྐྱེད་ཉོ་ཚོང་མ་རྩ་ནུས་ལྡན་སྒོས་ཇེ་དམའ་རུ་བཏང་ཡོད་པ་དང་།    དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།   རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དམིགས་བསལ་མཁོ་རྫས་དང་མི་རིགས་ཀྱི་ཁྱད་ལྡན་ཚོང་ཟོག་བརྟན་པོའི་སྒོ་ནས་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས་ཡོད་ལ།    མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་ཞིང་གི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཁྱབ་འགྱེད་ཀྱི་ནུས་པ་ཐོན་ཡོད།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོའི་དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་དངུལ་བུན་གྱི་སྐྱེད་ཀ་སྟེར་བའི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ་དང་།    སྐྱེད་ཀ་སྟེར་བའི་མ་དངུལ་ལ་ལྟ་སྐུལ་དང་བེད་སྤྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།   དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་དངུལ་བུན་གྱི་སྐྱེད་ཀ་སྟེར་བའི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་བྱས་ནས། ཕྱོགས་སོ་སོས་དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་དང་ དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།     དུས་མཚུངས་སུ་དམངས་གཉེར་ཚོང་ལས་དང་དམངས་གཉེར་ཐོན་རྫས་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྤེལ་རྒྱུར་ཁྲིད་སྟོན་བྱས་ནས། ཧུར་ཐག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་དང་ལེན་བྱེད་པ་དང་།    ཀྲུང་ཧྭ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མཚོ་སྔོན་གྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་གཏོང་བ་དང་།   རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།    མི་རིགས་ས་ཁུལ་ཐུན་མོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཤ་བོ་རིན་མཚོས་བསྒྱུར།