ལྔ་པའི་བ་བཞི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་སྤྱིའི་ཡོངས་ནས་བརྟན་འཇགས་ཡིན་པ་དང་བདེ་སྐྱོང་སྒྲིག་ལམ་ཧ་ཅང་བཟང་།
2024.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ལྔ་པའི་བ་བཞིའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་། ཆབ་སྲིད་ཐད་ཀྱི་ཚོར་བ་རྣོན་པོ་རྒྱུན་འཁྱོངས་བྱས་ལ། བདེ་སྐྱོང་བརྟན་སྲུང་ཐད་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས། ཟླ6ཚེས10ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱིའི་ཡོངས་ནས་བརྟན་འཇགས་ཡིན་པ་དང་། སྤྱི་ཚོགས་བདེ་སྐྱོང་གི་གནས་བབ་ཧ་ཅང་བཟང་ལ། སྤྱི་ཚོགས་བརྟན་འཇགས་ལ་གནོད་སྐྱེལ་བའི་གྱོད་དོན་ཆེན་པོ་དང་བདེ་འཇགས་དོན་རྐྱེན་གཅིག་ཀྱང་མ་བྱུང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་འགྲིམ་འགྲུལ་ལྟེ་གནས་སོགས་ཀྱི་སྒྲིག་ལམ་ཧ་ཅང་བཟང་བ་དང་། མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་རིམ་པའི་གཞུང་ལམ། ཞིང་ཆེན་རིམ་པའི་གཞུང་ལམ་བཅས་ཧ་ཅང་བདེ་འཇགས་ཡིན་ལ་གེགས་མེད་ཤར་བགྲོད་མངོན་འགྱུར་བྱུང་།

དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཟུང་འབྲེལ་དམ་པོ་བྱས་ནས། གཅིག་གྱུར་གཙང་བཤེར་གྱི་འགུལ་སྐྱོད་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་གླ་གཏོང་ཁང་བ། རླངས་འཁོར་ས་ཚིགས་སོགས་མི་མང་འདུ་ས་དང་ལས་རིགས་གཙོ་བོ་རུ་བདེ་འཇགས་ཉེན་ཁའི་གྲལ་བཤེར་བཅོས་སྐྱོང་བྱ་བ་སྤེལ་ལ། མི་འགོག་དང་དངོས་འགོག རྩལ་འགོག་གི་བདེ་འཇགས་བྱེད་ཐབས་ལག་བསྟར་བྱས་ཏེ། བདེ་འཇགས་དོན་རྐྱེན་འབྱུང་བར་བཀག་འགོག་བྱས། དབྱར་དུས་ཀྱི་བདེ་སྐྱོང་ཁྲིམས་འགལ་ཉེས་བྱས་ལ་གཅིག་བསྡུས་རྡུང་རྡེག་བྱེད་པའི་བཅོས་སྐྱོང་འགུལ་སྐྱོད་ལ་ཟུང་འབྲེལ་བྱས་ནས། ཡུལ་སྐོར་ལྗོངས་རྒྱུ་ཁུལ་དང་མཚན་མོའི་ཚོང་ར་སོགས་ཟ་མ་ཟ་མཁན་མང་བ་དང་བྱ་འགུལ་སྤེལ་ཚད་ཆེ་བ། རླངས་འཁོར་མང་པའི་ཁུལ་ཁོངས་ཀྱི་གྲལ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འགོག་སྡོམ་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱེད་པར་ཁག་ཐེག་བྱས། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་གི་མཉམ་འབྲེལ་སྐོར་ཞིབ་སོགས་ཀྱི་རྐྱེན་སྲོལ་བཞི་དང་གཅིག་གསུམ་ལྔའི་མགྱོགས་མྱུར་དང་ལེན་རྐྱེན་སྲོལ་ལག་བསྟར་ནན་མོ་བྱས་པ་དང་། ཉེན་རྟོག་སྟོབས་ཤུགས་ཀྱི་བཀོད་སྒྲིག་ལ་ཤུགས་བསྣན་ནས། ལྔ་བའི་བ་བཞིའི་སྐབས་ཀྱི་གྲོང་ཁྱེར་གྱི་བདེ་འཇགས་ལ་འགན་སྲུང་བྱས། འགྲིམ་འགྲུལ་སྒྲིག་ལམ་བཅོས་སྐྱོང་བྱ་བ་རྒྱུན་མཐུད་ངང་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དོན་རྐྱེན་ཐད་ཀྱི་གྲངས་འཕྲི་ཆེ་སྡོམ་གྱི་བྱ་བ་བཟང་བོར་བསྒྲུབས།

རིན་ཆེན་མཚོས་བསྒྱུར།