མཚོ་སྔོན་ཞིང་ཆེན་གྱི2024ལོའི་དམངས་ཡོངས་ཀྱི་གཞི་གྲངས་བློ་སྦྱོང་དང་རྩལ་ནུས་མཐོར་འདེགས་དང་དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་དྲ་འཕྲིན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་བློ་སྦྱོང་དང་རྩལ་ནུས་མཐོར་འདེགས་གཏོང་བ་དང་དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད། ཟླ6པའི་ཚེས26ཉིན། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་ཟི་ལིང་གྲོང་ཁྱེར་དུ2024ལོའི་དམངས་ཡོངས་ཀྱི་གཞི་གྲངས་བློ་སྦྱོང་དང་རྩལ་ནུས་མཐོར་འདེགས། དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

ཚོགས་ཐོག་ཏུ། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་བློ་སྦྱོང་དང་རྩལ་ནུས་མཐོར་འདེགས། དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་མད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དུས་རིམ་རྗེས་མའི་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་བཀོད་སྒྲིག་བྱས། དྲ་རྒྱའི་གཞི་གྲངས་ཀྱི་བདེ་འཇགས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད། རྒྱལ་ནང་གི་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཆེད་མཁས་པ་གཉིས་ཀྱིས་དྲ་རྒྱུའི་གཞི་གྲངས་བདེ་འཇགས་དོ་དམ་ལ་དམིགས་ནས་སློབ་ཁྲིད་བརྗེ་རེས་བྱས།

ཚོགས་ཐོག་ནས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རང་སྡེ་ཁག་དང་རང་ལས་རིགས་ཁྱབ་ཁོངས་ཀྱི་གཞི་གྲངས་བློ་སྦྱོང་དང་བདེ་འཇགས་འགོག་སྲུང་རྩལ་ནུས་ཧུར་ཐག་གི་མཐོར་འདེགས་གཏོང་བ། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་གཞི་གྲངས་བདེ་འཇགས་འགོག་ར་སྔར་ལས་བརྟན་པོ་འཛུགས་པ། གྲངས་ཀའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་ཆེད་འདེགས་སྐྱོར་ཤུགས་དང་ལྡན་པ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ་སོ་སོ་སོགས་སྡེ་ཁག་བརྒྱ་དང་ཉི་ཤུ་གྲོས་ཚོགས་ལ་ཞུགས།