གསར་འགོད་པས་ཉེ་སྔོན་བསྡུས་པའི་རྒྱལ་ཡོངས་ཤར་ནུབ་རྒྱུད་མཉམ་ལས་དང་ཀྲུང་དབྱང་སྡེ་ཁག་གི་གནས་གཏན་རོགས་སྐྱོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱིས་ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བརྟན་བརླིང་ངང་སྤེལ་རྒྱུ་རེད།
ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་གྲོས་ཚོགས་སྟེང་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་རྒྱུ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། དེའི་རྗེས་མཐུད་དེ་ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བརྟན་བརླིང་ངང་སྤེལ་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་ཆེད་ཤུགས་ལྡན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
བྱེ་བྲག་ལས་བལྟས་ན། འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་། ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དམ་འཛིན་བྱེད་པ་དང་ཐོན་ལས་འདུ་ཚོགས་གསར་སྐྲུན་བྱེད་པ། འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་བྱེད་པ། ངལ་རྩོལ་མཉམ་ལས་མཐོར་འདེགས་གཏོང་བ་བཅས་དམ་འཛིན་བྱེད་པ། སློབ་གསོ་དང་སྨན་བཅོས་རོགས་སྐྱོར་དམ་འཛིན་བྱས་ནས། ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་རྒྱུ་རེད།
དེ་དང་མཉམ་དུ། འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་འགན་འཁྲི་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྡེ་ཁག་གི་གནས་གཏན་རོགས་སྐྱོར་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ། གནས་གཏན་རོགས་སྐྱོར་རྫོང་གིས་སྲ་བརྟན་སྦྲེལ་མཐུད་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལས་ཞུགས་ཐག་གཅོད་བཟང་བོ་བྱེད་པ། གྲོང་གསེབ་འཛུགས་སྐྲུན་བཅོས་སྐྱོང་སྤེལ་བར་རོགས་བྱས་ཏེ། དམངས་ཚིས་དོན་དངོས་ལ་དམིགས་ནས་རོགས་སྐྱོར་ཟབ་མོ་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།