ཟླ7པའི་ཚེས11ཉིན། རང་ཞིང་གིས་འདེམ་སྐོང་སློབ་མའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་གྱིས་འདེམ་སྐོང་སློབ་མར་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། མངོན་གསལ་གྱི་གནད་དོན་འཚོལ་ཞིབ་བྱས་ཤིང་། ཐབས་ཇུས་གྲོས་གཞིར་ཞིབ་འཇུག་བྱས་ནས། ཞིང་ཆེན་ཡོངས་ཀྱི་འདེམ་སྐོང་སློབ་མའི་བྱ་བའི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་།
གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདེམ་སྐོང་སློབ་མའི་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། འདེམ་སྐོང་སློབ་མའི་བྱ་བ་ལེགས་པར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་ཅིང་། འདེམ་སྐོང་སློབ་མའི་བྱ་བར་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ་དེ་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་རུ་ཁག་སྒྲིག་འཛུགས་བྱེད་པའི་ལས་གཞི་གཙོ་བོ། ལས་བྱེད་རུ་ཁག་གི་སྒྲིག་གཞི་ལེགས་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་བཅས་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། འདེམ་སྐོང་སློབ་མའི་བྱ་བའི་ཁྲོད་ཀྱི་གནད་དོན་མངོན་གསལ་དག་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ནས། མཚོ་འཕང་མཐོ་བའི་ས་ཁུལ་དུ་མི་སྣ་བསྡུ་དཀའ་བ་དང་མི་སྣ་འཇོག་དཀའ་བ་སོགས་ཀྱི་དཀའ་གནད་ནུས་ལྡན་སྒོས་སེལ་ཐབས་བྱེད་པ་དང་། ཞན་སར་ཤུགས་སྣོན་པ་དང་མི་འདང་སར་ཁ་གསབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འདེམ་སྐོང་སློབ་མའི་བྱ་བའི་ཡིག་ཚགས་རིམ་སྤོར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་རུ་ཁག་གི་ཡུན་རིང་འཕེལ་རྒྱས་དང་ལས་བྱེད་པའི་ཐོན་ཁུངས་ནུས་ལྡན་སྒོས་བཀོད་སྒྲིག་བྱེད་པར་གཞིགས་ནས། མི་སྣ་འདེམ་པ་དང་སྐྱེད་སྲིང་། དོ་དམ། བེད་སྤྱོད་བྱེད་པ་བཅས་ཕྱོགས་བཞིའི་ཐད་རྒྱུན་མཐུད་སྒོས་ཤུགས་འདོན་པ་དང་། འདེམ་སྐོང་སློབ་མའི་རུ་ཁག་གི་བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ལ་ཤུགས་སྣོན་དགོས། དམིགས་འབེན་ལས་འགན་ལ་དམིགས་ཤིང་། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། འདེམ་སྐོང་སློབ་མའི་སློབ་གསོའི་ལྟ་སྐུལ་དོ་དམ་དང་འདེམ་བསྐོ་བྱེད་ཤུགས་ལ་ཤུགས་སྣོན་པ་དང་། གཞི་རིམ་ནས་སྦྱོང་བརྡར་བྱེད་ཅིང་། ནུས་པ་ལྡན་ཞིང་ཁག་ཁུར་ཡོད་པ་དང་། འགན་འཁྲི་ཁུར་ཕོད་པ། སྐྱེད་སྲིང་གི་སྦས་ཤུགས་ཡོད་པ་བཅས་ཀྱི་འདེམ་སྐོང་སློབ་མ་དག་ན་གཞོན་ལས་བྱེད་པའི་རུ་ཁག་ནང་དུ་གཅིག་སྡུད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ལས་བྱེད་འཇོན་མིའི་འདེགས་སྐྱོར་ནུས་པ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།