མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ལྟ་སྐུལ་ཞིབ་བཤེར་མི་སྣའི་ཁྲིམས་བསྟར་ཆེད་ལས་ནུས་པ་མཐོར་འདེགས་བཏང་། 
2024.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ7པའི་ཚེས11ཉིན། ཞིང་ཆེན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་མེ་འགོག་མེ་གསོད་ལྟ་སྐུལ་ཁྲིམས་བསྟར་ལས་གནས་ཀྱི་ནུས་པ་སྦྱོང་བརྡར་དང་བྱང་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་ཞིང་།  ཁྲིམས་བསྟར་སྤུས་ཚད་ཀྱི་ཡུལ་དངོས་དཔྱད་འཇོག་བྱེད་པར་ཟུང་འབྲེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཁྲིམས་བསྟར་སྤུས་ཚད་ཀྱི་ཡུལ་དངོས་དཔྱད་འཇོག་བྱེད་པའི་མི་སྣ་དང་མེ་འགོག་ལས་སྒོའི་རྐང་འཛིན་པ་དག་རྩ་འཛུགས་བྱས་ནས། མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཐོན་སྐྱེད་ཉོ་ཚོང་ཁེ་ལས་དང་མེ་འགོག་མེ་གསོད་སྒྲིག་ཆས་ཀྱི་ལས་སྐྲུན་སྒྲིག་སྦྱོར་ཡུལ་དངོས་སུ་སོང་བ་དང་། མེ་འགོག་མེ་གསོད་ཐོན་རྫས་ཀྱི་ལྟ་སྐུལ་ཁྲིམས་བསྟར་གྱི་ལག་ལེན་སློབ་ཁྲིད་བྱ་འགུལ་སྤེལ།

བྱ་འགུལ་ཁྲོད། ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་ཞིབ་བཤེར་མི་སྣས་དྲ་ཐོག་བརྒྱུད་གཏོང་རྣམ་པ་བརྒྱུད་དེ་བརྙན་རིས་ལ་བལྟས། ཁེ་ལས་ཀྱི་ལག་རྩལ་མི་སྣས་མེ་འགོག་མེ་གསོད་ཐོན་རྫས་ཀྱི་ལྟ་སྐུལ་དོ་དམ་བྱ་བའི་ནང་དོན་གཙོ་བོར་གཞིགས་ནས། མེ་འགོག་མེ་གསོད་འཕྲལ་བསྟུན་འཕྲོ་འགྱེད་གློག་ཆས་དང་། མེ་འགོག་མེ་གསོད་འཕྲལ་བསྟུན་མཚོན་རྟགས་གློག་ཆས། བཙགས་ལེན་རྣམ་པའི་མེ་འགོག་མེ་གསོད་རང་སྐྱོབ་དབུགས་ལེན་འཕྲུལ་ཆས། ལག་འཁྱེར་རྣམ་པའི་སྐམ་ཕྱེ་མེ་གསོད་འཕྲུལ་ཆས་དང་། ཆུ་རྨང་ཅན་གྱི་མེ་གསོད་འཕྲུལ་ཆས། མེ་འགོག་སྒོ། མེ་འགོག་དྲ་ཡོལ། སྒེར་ཚུགས་རྣམ་པའི་དུ་ཚོར་མེ་སྐྱོན་ཚད་ལེན་ཉེན་བརྡ་གཏོང་བའི་འཕྲུལ་ཆས། མེ་འགོག་མེ་གསོད་ཆུ་མདའ་དང་མེ་འགོག་མེ་གསོད་ཆུ་སྣོད་སོགས་སྤྱི་ཚོགས་སྟེང་རྒྱུན་མཐོང་གི་མེ་འགོག་མེ་གསོད་ཐོན་རྫས་སོ་སོར་ཡུལ་དངོས་ཞིབ་བཤེར་བརྡར་གཅོད་སློབ་ཁྲིད་དང་བྱེད་ནུས་དཔྱད་གྲངས་ངོ་སྤྲོད་བྱས། དེ་ལས་གཞན། གསོ་སྦྱོང་སྟེང་སྲིད་འཛིན་གྱོད་དོན་ཐག་གཅོད་ལས་རིམ་གཏན་འབེབས་དང་། མེ་འགོག་མེ་གསོད་ཁྲིམས་བསྟར་ཡིག་ཚགས་དོ་དམ་གཏན་འབེབས། མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཡུལ་དངོས་ཞིབ་བཤེར་བརྡར་གཅོད་ཁྲིམས་སྲོལ་སོགས་ཀྱི་ལས་སྒོའི་གཞུང་ལུགས་ཤེས་བྱར་དམིགས་ཏེ། མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཁྲོམ་རའི་ཞུགས་འཐུས་དང་ཡུལ་དངོས་བརྡར་གཅོད་སོགས་ཀྱི་ལས་སྒོའི་ཤེས་བྱ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཤིང་། ཡུལ་དངོས་ཟབ་ཞུགས་མི་སྣས་མེ་འགོག་དྲ་ཡོལ་དང་། མེ་འགོག་སྒོ། མེ་འགོག་འཕྲུལ་ཆས་སོ་སོར་ཕྲལ་ནས། མེ་འགོག་མེ་གསོད་ཐོན་རྫས་ངོ་མ་དང་རྫུན་མ་གང་ཡིན་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་པ་དང་། མེ་འགོག་མེ་གསོད་ཐོན་རྫས་ཀྱི་ཡུལ་དངོས་བརྡར་གཅོད་དང་ལྟ་སྐུལ་འདེམ་བཤེར་བྱེད་པའི་གཞི་འཛིན་ས་དང་། ནང་དོན། ཐབས་ལམ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས།

ལྷ་མོ་འཚོས་བསྒྱུར།