རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་བཅོས་བསྒྱུར་ཕྱོགས་ཡོངས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་ཐད་ནས་རླབས་ཆེན་གྱི་གྲུབ་འབྲས་བླངས་པར་གདེང་འཇོག་ཚད་མཐོན་པོ་བྱས།
2024.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

རྒྱལ་ཁབ་མང་པོའི་མི་སྣས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཁོ་ཚོས་བསྟན་དོན། ཀྲུང་གོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པ་དང་སྒོ་འབྱེད་རྒྱ་སྐྱེད་པ་དང་། ཁྱབ་ཁོངས་མང་པོ་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ཏེ། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་བློ་གྲོས་དང་སྟོབས་ཤུགས་ཕུལ།

རྒྱལ་ཁབ་མང་པོའི་མི་སྣས་བསྟན་དོན། ཀྲུང་གོས་རིམ་པ་ཟབ་པའི་བཅོས་བསྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་དེ། ཀྲུང་གོ་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་བཏང་བར་མ་ཟད། འཛམ་གླིང་ལ་སྔར་ལས་རྒྱ་ཆེ་བའི་ཚོང་ར་དང་འཕེལ་རྒྱས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།

རིན་ཆེན་མཚོས་བསྒྱུར།