མཚོ་སྔོན་གྱི་ཞིང་ལས་ཉོ་ཚོང་ཚོང་རའི་སྤུས་འདེགས་རིམ་སྤོར་གྱི་ལོ་གསུམ་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས།
2024.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ7པའི་ཚེས10ཉིན། ཞིང་ཆེན་ཚོང་དོན་ཐིན་ནས་འབྱོར་བའི་ཆ་འཕྲིན་ལྟར་ན། མིག་སྔར། ཞིང་ཆེན་ཚོང་དོན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཉོ་ཚོང་ཚོང་རའི་སྤུས་འདེགས་རིམ་སྤོར་གྱི2024ལོ་ནས2026ལོའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་གཏན་འབེབས་པར་འགྲེམ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར་དང་ཞིང་ལས་ཉོ་ཚོང་ཚོང་ར་སོགས་རྨང་གཞི་སྒྲིག་ཆས་དང་ཁོར་ཡུག་གཙང་སྦྲ། ཟས་རིགས་བདེ་འཇགས་སོགས་ཕྱོགས་ཀྱི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་འཁོར་རྒྱུག་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་སྟབས་བདེ་དང་བག་ཕེབས། བདེ་འཇགས། ཡིད་བདེ་བའི་འཚོ་བའི་དགོས་མཁོར་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས་ལ། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཉོ་ཚོང་ཚོང་ར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་བྱེད་པར་རོགས་འདེགས་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཉོ་ཚོང་ཚོང་རའི་སྤུས་འདེགས་རིམ་སྤོར་གྱི་ལོ་གསུམ་འགུལ་སྐྱོད་ཀྱིས་ཞིང་ལས་ཉོ་ཚོང་ཚོང་རས་དམངས་ཚིས་ལ་ཕན་འདོགས་པ་དང་མཁོ་འདོན་ལ་འགན་སྲུང་བྱེད་པ། དངོས་གོང་བརྟན་འཇགས་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩོལ་ནུས་ཀྱི་ངེས་གནས་སུ་བརྩིས་པ་དང་། སྤུས་འདེགས་རིམ་སྤོར་ཚད་གཞི་ཅན་དང་འཚོ་བའི་ཞབས་ཞུ་ཁྱད་ལྡན་ཅན། འཁོར་རྒྱུག་དོ་དམ་རིག་སྟོབས་ཅན། ཁོར་ཡུག་དོ་དམ་ཚད་ལྡན་ཅན། ལས་སྒོ་དོ་དམ་ཚན་རིག་ཅན་དུ་བསྒྱུར་བའི་བྱེད་ཐབས་སྣ་ལྔ་ལག་བསྟར་བྱས་པ་བརྒྱུད་དེ། ཞིང་ཆེན་རིམ་པའི་འཚོ་བའི་ཉེར་མཁོའི་དངོས་རྫས་མཁོ་འདོན་ལ་འགན་སྲུང་བྱེད་པའི་མཛོད་ཁང་ཆེན་མོ་དང་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲུ་ཁུག་དང་ཚལ་སླེའི་མཁོ་འདོན་ལ་འགན་སྲུང་བྱེད་པའི་ཚོང་ར་སྐྱེད་སྲིང་བྱས།

འཆར་གཞི་ལྟར་ན2026ལོའི་བར་དུ། འཛུགས་སྐྲུན་བཀོལ་སྤྱོད་བྱས་པར་མ་ཟད་ཞིང་ཆེན་ཚོང་དོན་ཐིན་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར་དང་ཞིང་ལས་ཉོ་ཚོང་ཚོང་ར་སོགས་ལས་གཞིའི་མཛོད་དུ་བཞག་པར། བརྒྱ་ཆའི་ལྔ་བཅུའི་ཡན་གྱིས་སྤུས་འདེགས་རིམ་སྤོར་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་བརྩོན་ལེན་བྱེད་པ་དང་། ཞིང་ཆེན་ལས་གཞིའི་མཛོད་དུ་བཞག་ནས་ལོ་བཅུ་ཡུན་འགོར་བར་མ་ཟད་ཆ་རྐྱེན་དང་མཐུན་པའི་ཞིང་ལས་ཉོ་ཚོང་ཚོང་ར་རྙིང་བ་ཚང་མར། ཕྱོགས་ཡོངས་ནས་རིམ་སྤོར་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཞིང་ལས་ཉོ་ཚོང་ཚོང་རའི་དྲ་རྒྱ་ཧ་ལམ་འཐུས་ཚང་དུ་གཏོང་བ། ཞིང་ལས་ཉོ་ཚོང་ཚོང་རའི་ཚད་གཞི་ཅན་དང་ཚད་ལྡན་ཅན། རིག་སྟོབས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་བཏང་སྟེ། གྲུབ་ཚུལ་ལུགས་དང་མཐུན་པ་དང་རྩོལ་ནུས་ཆ་ཚང་བ། དོ་དམ་ཚད་དང་ལྡན་པ། ཁོར་ཡུག་མཛེས་པ། ཟས་རིགས་བདེ་འཇགས་དང་མང་ཚོགས་ཡིད་ཚིམ་པའི་འཚོ་བའི་ཉེར་མཁོ་དངོས་རྫས་ཉོ་སྒྲུབ་ཡུལ་གནས་སུ་འགྱུར་བར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།