རང་ཞིང་གིས་སྒོར་དུང་ཕྱུར་བདུན་བཏང་ནས་གྲོང་གསེབ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།
2024.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས2024ལོའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་གྲོང་གསེབ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བདུན་དང་ས་ཡ་དྲུག་བཏང་ཞིང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་དང་གྲངས་ཆུང་བདུན་འཕར་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། ཁ་གསབ་རོགས་དངུལ་དེ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཉེར་བདུན་ལ་ཁེབས་ཡོད་ཅིང་། གཙོ་བོ2024ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་འཆར་གཞི་ལས་འགན་ལེགས་འགྲུབ་ཡོང་བར་རྒྱབ་སྐྱོར་བྱེད་པར་བེད་སྤྱོད་པ་སྟེ། སྡེ་ཁུལ་རྙིང་བའི་ཁྱིམ་ཚང་ཁྲི་གཉིས་དང་སྟོང་བདུན་དང་ལྔ་བརྒྱ་ཉེར་གཅིག་བསྒྱུར་བཀོད་བྱེད་པ་དང་། འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་ཉེར་གཉིས་འཛུགས་སྐྲུན་བྱེད་པ། སྤྱིའི་གླ་གཏོང་ཁྱིམ་ཚང་སྟོང་བཞི་དང་ལྔ་བརྒྱ་དོན་དགུ་ལ་ཁང་གླའི་ཁ་གསབ་རོགས་དངུལ་སྤྲད་ཅིང་། གྲོང་ཁྱེར་གྱི་ཉེན་ཁ་ཆེ་བའི་སྡོད་ཁང་རྙིང་བ་ཉིས་བརྒྱ་ཞེ་བརྒྱ་བསྒྱུར་བཀོད་བྱེད་པ་དེ་རེད། དེ་དང་མཉམ་དུ། འཕེལ་རིམ་མྱུར་ལ་དཔེ་སྟོན་ནུས་པ་བཟང་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞིར་བྱ་དགའ་སྟེར་བ་མ་ཟད་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་ལས་འགན་གཞན་དག་ལའང་ལྟ་རྟོག་བྱེད་རྒྱུ་རེད།

ཁ་གསབ་རོགས་དངུལ་བེད་སྤྱོད་དང་དོ་དམ་བཟང་པོ་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ཁ་གསབ་རོགས་དངུལ་དོ་དམ་བྱེད་ཐབས་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་པ་དང་། དམིགས་ཡུལ་ནི་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། ཀུན་གསལ་ཡིན་པའི་མ་དངུལ་དོ་དམ་མ་ལག་འཐུས་ཚང་དུ་འཛུགས་པ་དེ་ཡིན། བྱེད་ཐབས་ལས་བྱ་དགའ་དང་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཛུགས་པ་དང་། བྱས་འབྲས་དོ་དམ་དང་གྲུབ་འབྲས་བེད་སྤྱོད་པར་ཤུགས་སྣོན་དགོས་པ་གཏན་འཁེལ་བྱས། བྱ་དགའ་དང་ཁ་གསབ་ཟུང་འབྲེལ་བྱེད་པའི་བླང་བྱ་ལྟར། ཁ་གསབ་རོགས་དངུལ་དེ་ས་ཁུལ་སོ་སོའི་ལོ་དེའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ལས་འགན་མང་ཉུང་དང་། བྱས་འབྲས་ལ་དཔྱད་འཇོག་གི་མཇུག་འབྲས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་བགོ་བཤའ་བརྒྱབ། བགོ་བཤའ་རྒྱག་ཐབས་གསར་གཏོད་བྱས་ནས། ལས་འགན་འགན་སྲུང་གསར་བ་འཛུགས་པ་དང་ལོ་སྔོན་མར་བསྐྲུན་པའི་འགན་སྲུང་ཁང་བ་འཁོར་རྒྱུག་དོ་དམ་བྱེད་པ་གཉིས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས། ལྷག་པར་དུ་བྱ་དགས་ཁ་གསབ་རོགས་དངུལ་གྱི་ཚབ་བྱས་ནས་གཙོ་བོ་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ཁང་བ་གྲབས་གསོག་བྱེད་པ་དང་། ཞིག་གསོ་ཉམས་གསོ་བྱེད་པ། འཁོར་རྒྱུག་དོ་དམ་དང་། གླ་གཏོང་ཁ་གསབ་སྤྲོད་པ་སོགས་ལ་བེད་སྤྱོད་བྱས་ཏེ། ས་གནས་སོ་སོས་ཁང་བ་བསྐྲུན་ནས་འཁོར་རྒྱུག་དོ་དམ་ལ་ཤུགས་སྣོན་པར་ཁྲིད་སྟོན་བྱས། ཐེངས་འདིར་ཁ་གསབ་རོགས་དངུལ་སྤྲད་པ་དང་མ་དངུལ་དོ་དམ་བྱེད་ཐབས་བཟོ་བཅོས་བརྒྱབ་པ་ནི་རང་ཞིང་གིས་ཕྱོགས་མང་པོས་མཁོ་འདོན་བྱེད་པ་དང་། ཐབས་ལམ་མང་པོ་བརྒྱུད་ནས་འགན་སྲུང་བྱེད་པ། བོགས་གཡར་དང་ཁང་བ་ཉོ་བ་གཉིས་མཉམ་འཛིན་བྱེད་པའི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་ངང་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

གོ་རིམ་རྗེས་མར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་དང་མཉམ་དུ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ཞིང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་བདེ་བླག་ངང་ལས་པར་ཁག་ཐེག་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་འཚོ་གནས་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ནས་དམངས་ཚིས་བདེ་སྐྱིད་བསྐྲུན་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།