རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་གཉིས་ཀྱིས་གནད་འགག་དུས་སྐབས་ཀྱི་ཞོད་འགོག་གནོད་སྐྱོབ་བྱ་བར་གྲོས་སྡུར་བཀོད་སྒྲིག་བྱས།
2024.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱལ་ཡོངས་ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གནད་འགག་དུས་སྐབས་སུ་སླེབས་པ་དང་། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་གཉིས་ཀྱིས་ཚེས14ཉིན་གནམ་གཤིས་དང་ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་ཞོད་འགོག་ཆེད་དོན་མཉམ་འབྲེལ་གྲོས་མོལ་བྱས་པ་དང་། བརྙན་རིས་ཀྱི་ལམ་ནས་སི་ཁྲོན་དང་ཨན་ཧོས། ཧི་ནན། ཧྲན་ཏུང་སོགས་ཞིང་ཆེན་བཅོ་ལྔ་བཀོད་གཏོང་བྱས་ལ། ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་གནད་འགག་དུས་སྐབས་ཀྱི་ཞོད་འགོག་གནོད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཞོད་འགོག་གི་གནད་འགག་དུས་སྐབས་སླེབས་ལ་ཉེ་བ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཚད་མཐའི་བསམ་བློ་དང་མཐར་སོན་བསམ་བློ་ཇེ་བརྟན་དུ་གཏོང་བ། འཐོམ་སྦྲིལ་བསམ་བློ་དང་སྟེས་དབང་གི་སེམས་པ་ཁྱད་སེལ་བྱེད་པ། ཕྱོགས་ཡོངས་ནས་འཕྲལ་བསྟུན་གྱི་རྣམ་པའི་ཁྲོད་ཞུགས་པ། ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་ཞིབ་བཤེར་བྱས་ཏེ། ཞོད་འགོག་གི་གནད་འགག་དུས་སྐབས་ཀྱི་ཞོད་འགོག་ཐན་སེལ་བྱ་བའི་ཐད་ནས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

བྱེ་བྲག་ཏུ་བཤད་ན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆུ་རགས་ལ་སྐོར་ཞིབ་བྱེད་པ་དང་ཆུ་འཁྱིལ་ཕྱིར་འབུད་བྱ་བར་ཤུགས་སྣོན་པ་དང་། འབྲི་ཆུའི་ཡུར་རགས་དང་ཆུ་རགས་གཙོ་བོ་སོགས་ཡུལ་གནས་གཙོ་བོ་སྐོར་ཞིག་གི་འགོག་སྲུང་ལ་ཤུགས་སྣོན་དགོས། གཙོ་བོར་ཞོད་འགོག་གི་ཉམས་ཞན་སའི་འགོག་ཟོན་ལ་ཤུགས་སྣོན་པ་དང་། ཆུ་ལོག་དང་ས་གཤིས་གནོད་འཚེ། མཁར་གྲོང་གི་ཆུ་ལོག་བཅས་ལ་དོ་སྣང་ཆེན་པོ་བྱས་ནས། ཉེན་ཁའི་གནས་ཚུལ་མཐོང་ཚེ་མྱུར་དུ་ངོས་སྐྱེད་སྤོ་བསྒྱུར་བྱེད་དགོས། འབྲི་ཆུ་དང་རྨ་ཆུའི་ཆུ་ལོག་འགོག་རྒོལ་དང་གྲོང་ཁྱེར་གྱི་ཆུ་ལོག་ཕྱིར་འབུད་བྱ་བ་བཟང་བོར་བསྒྲུབ་པ་དང་། ཆུ་མཛོད་འབྲིང་ཆུང་གི་འཁོར་རྒྱུག་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་དགོས། ཞོད་འགོག་མི་སྣ་དང་གནས་སྤོར་བཀོད་སྒྲིག་མང་ཚོགས་ཀྱི་ཚ་བ་འགོག་པ་དང་དྲོད་ཚད་ཇེ་དམའ་རུ་གཏོང་བ། སྨན་བཅོས་འགན་སྲུང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། འཁྱིལ་ཆུ་བཤང་བའི་ས་ཁུལ་གྱིས་རིམས་འགོག་དུག་སེལ་བྱ་བ་བཟང་བོར་བསྒྲུབ་དགོས།

རིན་ཆེན་མཚོས་བསྒྱུར།