ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་ཀྱི་ངལ་རྩོལ་གཞི་ཁྱོན་མི་འབུམ་གཉིས་དང་སྟོང་དགུ་བཞི་བརྒྱར་སླེབས་ནས། རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བཅུ་བདུན་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཞི་ལྷག་ཡོངས་འགྲུབ་བྱས། ཡུལ་གཞན་གནས་སྤོར་བྱས་པའི་དབུལ་ཐར་མི་གྲངས་ཀྱི་ངལ་རྩོལ་ལས་ཞུགས་བྱེད་ཚད་མི་གྲངས་ཁྲི་ལྔ་དང་བརྒྱད་བརྒྱར་སླེབས་པ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཅོ་བརྒྱད་ཡོངས་འགྲུབ་བྱས།
ད་ལོའི་ཚུན་དུ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་གསོག་ཚད་བརྟན་འཇགས་དང་འཕར་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་འདེགས་གཏོང་བའི་སྤྱི་ཁོག་གི་རེ་བ་གཞིར་བཟུང་ནས། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་ཐད་ཀྱི་སྐོར་གཅིག་ཅན་དྲུག་གི་བྱེད་ཐབས་ལག་བསྟར་བྱེད་པ་གཙིགས་འཛིན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མི་གྲངས་ཀྱི་ལས་རྐང་བརྟན་འཇགས་དང་ལས་ཞུགས་བྱ་བར་སྐུལ་འདེད་བཏང་ལ། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་སྐྱེད་པ་དང་ལས་ཞུགས་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་བྱུང་ལ། ལས་ཞུགས་ཀྱི་བརྟན་འཇགས་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་། ལོ་སྟོད་ལ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་ཀྱི་ངལ་རྩོལ་ལས་ཞུགས་ཀྱི་ཆ་སྙོམས་ཀྱི་དུས་ཡུན་ཉིན་བརྒྱ་དང་བཅོ་བརྒྱད་ཡིན་པ་དང་། ཆ་སྙོམས་ཟླ་རེའི་ཟླ་ཕོགས་ཡོང་སྒོ་སྒོར་སྟོང་གཉིས་དང་ཉིས་བརྒྱ་དང་གསུམ་ཡིན་ལ། དེ་གཉིས་ཀ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང་བདུན་བརྒྱ་དང་ང་གསུམ་གྱིས་ལས་ཞུགས་མི་གྲངས་ཁྲི་གཉིས་དང་སྟོང་གཉིས་བསྡུ་རུབ་བྱས་པ་དང་། དེའི་ཁྲོད་དབུལ་ཐར་མི་གྲངས་སྟོང་དྲུག་དང་དྲུག་བརྒྱ་ཉེར་གཅིག་ཡོད། མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གཅིག་སྟེར་བའི་ཚད་གཞི་ལྟར། ཞིང་ཆེན་ཕྱི་ནས་ཡོང་བའི་ངལ་རྩོལ་དབུལ་ཐར་མི་གྲངས་སྟོང་བདུན་དང་བརྒྱད་བརྒྱ་ང་བཞི་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་བྱིན། སྐོར་ཁག་དང་པོའི་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ་དང་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གོ་གཉིས་ངོས་འཛིན་བྱས་པ་དང་། རོང་འབྲོག་མང་ཚོགས་སྟོང་བཞི་དང་དོན་ལྔས་ལས་སྐྲུན་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས་ལ། དེའི་ཁྲོད་དབུལ་ཐར་མི་གྲངས་བརྒྱད་བརྒྱ་དང་དོན་བཞི་ཡོད་པ་མ་ཟད། 2024ལོའི་དབུལ་ཐར་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་གྲལ་བཤེར་བྱས་པ་དང་། སྔོན་དཔག་ལྟར་ན་ད་ལོར་མཐར་ཕྱིན་སློབ་མ་སྟོང་བདུན་སུམ་བརྒྱ་རེ་གསུམ་ཡོད་ལ། དེའི་ཁྲོད་འབྲིང་རིམ་དང་མཐོ་རིམ་ཆེད་སྦྱོང་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་སྟོང་ལྔ་དང་བདུན་བརྒྱ་ཞེ་དགུ་ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་མཐར་ཕྱིན་སློབ་མ་སྟོང་གཅིག་དང་བཞི་བརྒྱ་བརྒྱད་ཅུ་ཡོད་ལ། གྲ་སྒྲིག་འཛིན་གྲྭའི་སློབ་མ་བརྒྱ་དང་ཉེར་བཞི་ཡོད་པ་དང་། ས་ཆ་སོ་སོས་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་བྱ་བ་བཟང་བོ་བསྒྲུབ་པར་མཛུབ་སྟོན་བྱེད་ཆེད་སྔོན་དུས་ཀྱི་གྲ་སྒྲིག་བཟང་བོར་བསྒྲུབས།
རིན་ཆེན་མཚོས་བསྒྱུར།