ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་གྲོས་གཞིར་ལྟ་སྐུལ་སྤྱི་འདོམས་བྱས།
2024.07.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་སྤྱི་འདོམས་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ལ་སོང་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་ཀྱི་འཐུས་མིས་བཏོན་པའི་ཞུན་ཧྭ་རྫོང་གི་ལྷོ་རི་དང་བྱང་རི་གཉིས་ཀྱི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་བྱེད་པའི་གྲོས་གཞི་བསྒྲུབ་པའི་གནས་ཚུལ་གཙོར་བཟུང་ནས་ལྟ་སྐུལ་སྤྱི་འདོམས་དང་ཞིབ་བཤེར་བྱས། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མཁའ་འགྲོ་ཚེ་རིང་ལྟ་སྐུལ་སྤྱི་འདོམས་བྱེད་པར་ཞུགས།

ལྟ་སྐུལ་སྤྱི་འདོམས་ཚན་ཆུང་ཞུན་ཧྭ་རྫོང་ཅི་ཧྲི་ཧྲན་གྲོང་རྡལ་གྱི་ལྷོ་རི་དང་བྱང་རིར་སོང་སྟེ། ཡུལ་དངོས་ནས་བྱང་རིའི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་བྱེད་པ་དང་ལྷོ་རིའི་ཆུ་ལོག་ཕྱིར་འབུད་དང་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། པའོ་ལཱང་ཐཱན་གྱི་ཡུལ་དངོས་ནས་རི་ཀླུང་དང་གྲམ་ལུང་གི་ཆུ་ལོག་སྔོན་འགོག་དང་ཆུ་ལོག་ཕྱིར་འབུད་འཕྲལ་བསྟུན་ཐག་གཅོད་དང་བཅོས་སྐྱོང་བྱེད་པའི་ལས་གཞིའི་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གནས་ཚུལ་སྙན་ཞུ་ལ་ཉན་པར་མ་ཟད་གྲོས་གཞི་བཏོན་པའི་འཐུས་མིས་གནས་ཚུལ་ཐག་གཅོད་བྱེད་པར་བཏོན་པའི་བསམ་འཆར་བསྡུ་ལེན་བྱས།

ལྟ་སྐུལ་སྤྱི་འདོམས་ཚན་ཆུང་གིས་བསྟན་དོན། ཆུ་ལོག་སྔོན་འགོག་དང་བཅོས་སྐྱོང་བྱེད་པ་ནི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། ལངས་གནས་མཐོན་པོས་འཆར་འགོད་བྱེད་པ་དང་། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་ཅིང་ཡུལ་བབ་དང་བསྟུན་ནས། རྨ་ཆུའི་ཞུན་ཧྭ་མཚམས་ཀྱི་སྟོད་སྨད་རྒྱུད་དང་གཡས་གཡོན་འགྲམ་ངོགས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ། འཆར་འགོད་ཇུས་འགོད་དེ་ཆུ་ལམ་གཙོ་བོ་དང་གྲོང་གསེབ་ཀྱི་ཆུ་ལམ་དག་ཐེར་བཅོས་སྐྱོང་དང་ས་ཆུ་སྲུང་འཛིན་བྱེད་ཐབས་སོགས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། བཟོ་སྐྲུན་བསྐྱར་དུ་འཛུགས་པར་གཡོལ་ཐབས་བྱེད་པ་དང་། བཟོ་སྐྲུན་ལས་གཞི་ཡུན་རིང་འཁོར་རྒྱུག་བྱེད་པར་མ་ཟད་ཕན་ནུས་འདོན་པར་ཁག་ཐེག་བྱེད་དགོས། ཚད་གཞི་མཐོ་བའི་སྒོ་ནས་སྐུལ་སྤེལ་བྱེད་ཅིང་། སྡེ་ཁག་དང་ལས་ཁུངས་སོ་སོས་བྱ་བའི་ཞིབ་འཇུག་ཐད་ལ་ཤུགས་སྣོན་པ་དང་། ལས་གཞི་ཞིབ་ཕྲའི་སྒོ་ནས་དབྱེ་བགོ་བྱས་ནས། བཟོ་སྐྲུན་ལས་གཞི་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་པ་དང་། བདེ་བླག་ངང་བསྒྲུབ་པ། ལས་ཆོད་མཐོ་བའི་སྒོ་ནས་བསྒྲུབ་པ་བཅས་ལ་ཁག་ཐེག་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་དང་། མ་དངུལ་དངོས་འབེབས། འཛུགས་སྐྲུན་འཕེལ་རིམ། བཟོ་སྐྲུན་སྤུས་ཀ ཕན་ནུས་འདོན་སྤེལ་སོགས་ཀྱི་ཐད་ལ་གཞིགས་ཏེ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་བསྡོམས་རྩིས་བྱེད་ཅིང་། ལྷོ་རི་དང་བྱང་རིའི་ཆུ་ལོག་སྔོན་འགོག་དང་གྲམ་ལུང་བཅོས་སྐྱོང་གི་གནས་ཚུལ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ནས། བཟོ་སྐྲུན་གྱི་མྱུར་ཚད་དང་སྤུས་ཀ ལས་སྐྲུན་གྱི་བདེའཇགས་བཅས་ལ་ཁག་ཐེག་བྱེད་པ་དང་། སྤུས་ཀ་དང་གྲངས་ཚད་ཚོད་འཛིན་ནན་མོ་བྱས་ནས་དམིགས་འབེན་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།