ཟླ7པའི་ཚེས19ཉིན། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་དོན་དུ་བྱས་པའི་མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་པ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་འཚོགས་མགོ་བརྩམ། མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་གླེང་སྟེགས་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཞིབ་འཇུག་གཉིས་ཀྱིས་སྟོབས་ཤུགས་གཅིག་ཏུ་འདྲིལ་ནས་བསྐྲུན་པའི་ཞིང་ཆེན་ནང་ཁུལ་གྱི་རིག་གཞུང་བརྗེ་རེས་ཚོང་རྟགས་རྩེ་གྲས་ཤིག་ཡིན་ཞིང་། རང་ཞིང་གི་ཚད་གཞི་ཆེས་མཐོ་ལ་གཞི་ཁྱོན་ཆེས་ཆེ་བ་དང་། ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བའི་རིག་གཞུང་ཚོགས་འདུ་ཞིག་ཏུ་གྱུར་ཡོད།
ཐེངས་འདིའི་གླེང་སྟེགས་སྟེང་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་གཉིས་ཚུད་པའི་ཆེད་ལས་མཁས་པ་མང་པོ་འདུས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ནུས་སྣང་། གོ་ལ་ཧྲིལ་བོ་ཇེ་དྲོར་འགྲོ་བ་དང་ནུབ་རྒྱུད་ཀྱི་ས་ཡོམ་གནོད་འཚེའི་ཉེན་ཁ། ཚན་རྩལ་གསར་གཏོད་སྒུལ་ཤུགས་དང་གསར་གཏོད་འཇོན་མི་རྩེ་གྲས་སྐྱེད་སྲིང་བྱེད་པ། ཚན་རིག་ཞིབ་འཇུག་གསར་གཏོད་སོགས་ཀྱི་ཐད་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གཙོ་བོར་བཟུང་ཞིང་། ས་ཁུལ་གྱི་ཁྱད་ཆོས་དམ་འཛིན་བྱས་ལ། འཕེལ་རྒྱས་གཙོ་གནད་ལ་ཁྲིད་སྟོན་བྱས་པ་དང་། དཔྱད་བསྡུར་དང་བརྗེ་རེས་ཟབ་མོ་བྱས་ཏེ། རང་ཞིང་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རོགས་ཤུགས་བཏོན་ཞིང་། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས་ལྟ་བ་ཡང་དག་བཏོན་ཡོད།
མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གསལ་སྟོན་མཛད་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་གཞིར་བཟུང་སྟེ། སློབ་གསོ་དང་། ཚན་རྩལ། འཇོན་མི་བཅས་ཀྱི་མི་འདང་སར་ཁ་གསབ་བྱེད་པ་དང་། མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་རྨང་གཞི་གཙོ་བོ་དེ་སློབ་གསོ་དམ་འཛིན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་བསླབ་ཚན་ཆེད་ལས་ལེགས་སྒྱུར་ལ་ཞབས་འདེགས་ཞུ་བའི་མཛུབ་སྟོན་བསམ་ཚུལ་གཏན་འབེབས་བཟོས་ཤིང་། མཐོ་སྒང་གི་སྐྱེ་ཁམས་དང་། ཚྭ་མཚོའི་རྫས་འགྱུར་བཟོ་སྐྲུན། མཐོ་སྒང་གི་ཁྱད་ལྡན་རོང་འབྲོག་ལས་རིགས། དག་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་གཙོ་བོའི་ཐད་ནས་བསླབ་ཚན་གྱི་སྟོང་ཆར་ཁ་གསབ་བྱས་པ་དང་བསླབ་ཚན་གྱི་དགེ་མཚན་འདོན་སྤེལ་བྱས། དེ་དང་མཉམ་དུ། བསླབ་གནས་གནང་བའི་ལས་ཁུངས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་། ཐོག་མར་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འབྲེལ་བ་དམ་ཟབ་ཡོད་པའི་བསླབ་གནས་དབང་ཆ་གནང་བའི་ས་ཚིགས་ཁ་སྣོན་བྱས། མཐོ་རིམ་སློབ་གྲྭས་རང་འགུལ་གྱིས་ཞིང་ཆེན་ཕྱི་ནང་གི་གསར་གཏོད་སྟེགས་བུ་ཆེན་པོ་དང་མཐོ་གསར་ས་ཁུལ་སོགས་གསར་གཏོད་རྟེན་གཞིར་སྦྲེལ་མཐུད་བྱས་ནས། ཁེ་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་དང་ལས་གཞི་གལ་ཆེན་ཞིབ་འཇུག་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་བྱེད་པ་བཅས་ལ་ཟབ་ཞུགས་བྱེད་པར་རྒྱབ་སྐྱོར་བྱས། མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་གཉིས་ཀྱིས་འཇོན་མི་སྐྱེད་སྲིང་དང་། ལག་རྩལ་གསར་གཏོད། སྤྱི་ཚོགས་ཞབས་ཞུ། ལས་ཞུགས་ལས་གཏོད། རིག་གནས་རྒྱུད་འཛིན་སོགས་ཀྱི་ཐད་ནས་མཉམ་ལས་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་། སློབ་གསོའི་སྡ་ེཁག་གི་རྒྱབ་སྐྱོར་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་བཅས་ལ་བརྟེན་ནས། ཞིང་ཆེན་དང་སློབ་གྲྭས་མཉམ་བསྐྲུན་བྱེད་པའི་མཐོ་རིམ་ཚན་རྩལ་གླིང་གི་ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་། གསར་གཏོད་རྣམ་པའི་རྨང་གཞི་ཞིབ་འཇུག་འཇོན་མི་དང་ཚོགས་པ་སྐྱེད་སྲིང་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ལྷ་མོ་འཚོས་བསྒྱུར།