ཟླ7པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་རྒྱལ་ཡོངས་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོ་མནའ་འབྲེལ་གྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་འགན་ཁུར་ནས་བསྒྲུབས་པའི་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོའི་ཤར་ནུབ་རྒྱུད་མཉམ་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོ་མནའ་འབྲེལ་འཛུགས་པའི་ཚོགས་འདུ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དུ་བསྡུས།
ཚོགས་འདུའི་དམིགས་འབེན་ནི་སློབ་གསོ་བྱ་བའི་ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་ཀྱི་ལས་རིགས་སློབ་གསོའི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་། གསར་སྐྲུན་ལས་སྐྲུན་སློབ་གསོའི་ཁུལ་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས། ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུ་དེ་ཡིན། རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོ་མནའ་འབྲེལ་གྱི་སློབ་གྲྭ་དོན་གཉིས་ནས་ཡོང་བའི་འཐུས་ཚབ་མི་སྣ་དང་བརྒྱ་དང་ཆེན་ཧྭ་སློབ་ཆེན་དང་། གསར་སྐྲུན་ལས་སྐྲུན་སློབ་གླིང་གླིང་གཙོ། གསར་སྐྲུན་ལས་སྐྲུན་སློབ་གསོའི་ཆེད་མཁས་པ། གསར་སྐྲུན་དངུལ་གཏོང་ལས་ཁུངས་བཅས་ནས་ཡོང་བའི་འཐུས་ཚབ་པ་སོགས་མཉམ་དུ་འཛོམས་ནས། ཤར་ནུབ་རྒྱུད་ལས་རིགས་སློབ་གྲྭའི་མཉམ་ལས་མཉམ་སྐྲུན་དང་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་བརྗེ་རེས་ཟབ་མོ་དང་གྲོས་སྡུར་བྱས།
ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོའི་མནའ་འབྲེལ་གྱི་སྒོ་རས་བླངས་པར་མ་ཟད། 2024ལོའི་རྒྱལ་ཡོངས་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོའི་ཆེད་དོན་ཞིབ་འཇུག་དཔྱད་གཞིའི་དཔྱད་འཇོག་ཞིབ་བཤེར་དང་རྣམ་གྲངས་འཛུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་རྒྱལ་ཡོངས་མཐོ་རིམ་ལས་རིགས་སློབ་གྲྭའི་གསར་སྐྲུན་ལས་སྐྲུན་སློབ་གསོའི་གནས་ཚུལ་ཐད་ཀྱི་རྟོག་ཞིབ་བྱ་བ་སྤེལ་འགོ་བརྩམས།
རིན་ཆེན་མཚོས་བསྒྱུར།