2024ལོའི་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཆེད་དོན་མི་བསྡུ་ཚོགས་འདུ་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཚོང་ར་རུ་བསྡུས།
2024.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་སྔོན། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཉམ་འབྲེལ་སྒོས་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཚོང་ར་རུ་ཕུགས་འདུན་འཚོལ་སྙེག་བྱེད་པར་ལང་ཚོས་རོགས་འདེགས་མཁོ་ཞེས་པའི2024ལོའི་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཆེད་དོན་མི་བསྡུ་ཚོགས་འདུ་བསྡུས་ནས། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རྐང་བཙུགས་ཏེ། མཉམ་དུ་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་ར་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཐེངས་འདིའི་མི་བསྡུ་བྱ་འགུལ་ལ་ཁེ་ལས་བཞི་བཅུ་ཞུགས་པ་དང་། ལས་ཞུགས་ལས་རྐང་དགུ་བརྒྱ་ལྷག་འདོན་སྤྲོད་བྱས། དེའི་ཁྲོད། མཚོ་སྔོན་གྱི་ཁེ་ལས་ཉི་ཤུ་མི་བསྡུ་ཚོགས་འདུར་ཞུགས་པ་དང་། ལས་ཞུགས་ལས་རྐང་སུམ་བརྒྱ་དང་ཞེ་ལྔ་འདོན་སྤྲོད་བྱས་ལ། ཡུལ་དངོས་སུ་བསྡོམས་པས་མི་ལྔ་བཅུས་ཐོག་མའི་ལས་ཞུགས་འདོད་བློ་བཀོད།

ཐེངས་འདིའི་བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་ཞིང་གི་གཙོ་གནད་ལས་རིགས་དང་གསར་དར་ཐོན་ལས་ཀྱི་འཇོན་མིའི་དགོས་མཁོ་གཙིགས་འཛིན་བྱས་ཏེ། ཁེ་ལས་སུ་སོང་ནས་དགོས་མཁོ་རྒྱུས་ལོན་བྱས་པ་དང་། ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞ་ཏུའུ་གསོ་རིག་སྨན་རྫས་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཁེ་ལས་གཙོ་བོ་གདན་ཞུ་བྱས་ནས་ཚོགས་འདུར་ཞུགས་པར་མ་ཟད་འཇོན་མི་ནང་འདྲེན་བྱས། བྱ་འགུལ་ཡུལ་དངོས་སུ་མཚོ་སྔོན་ཁེ་ལས་མི་བསྡུ་ཆེད་ཁུལ་བཙུགས་ནས། རང་ཞིང་གི་ཁེ་ལས་གཙོ་བོ་ངོ་སྤྲོད་བྱེད་པ་དང་ལས་རྐང་ངོ་སྤྲོད་བྱེད་པ། ལས་ཞུགས་མཛུབ་སྟོན་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཡུལ་དངོས་ཀྱི་ལས་འཚོལ་མི་སྣ་མང་པོས་དོ་སྣང་དང་བློ་འདྲི་བྱས། དེ་དང་མཉམ་དུ། ཁེ་ལས་འཚམས་འདྲི་བྱེད་པ་དང་ལས་རྐང་རྒྱ་སྐྱེད་པའི་བྱ་འགུལ་སྤེལ་ནས། ཀན་སུའུ་ཡི་སྤུས་ལེགས་མི་བསྡུ་ལས་རྐང་ཆ་འཕྲིན་བཞི་བརྒྱ་ལྷག་ཚགས་འདེམས་བྱས་པ་དང་། དུས་ཐོག་ཏུ་རང་ཞིང་གི་རིགས་མི་འདྲ་བའི་ལས་ཞུགས་ཞབས་ཞུའི་སྟེགས་བུ་ཁྱབ་བསྒྲགས་བྱས་ཏེ། རང་ཞིང་གི་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ལས་འཚོལ་མི་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱུན་མ་ཆད་པར་རྒྱ་སྐྱེད།

རིན་ཆེན་མཚོས་བསྒྱུར།