ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་བྱེད་པ་དང་འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་བྱེད་པ། མཐོ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་ཁྱད་ལྡན་འཕེལ་རྒྱས་བཅས་ཀྱི་དམིགས་འབེན་ལ་དམ་དུ་དམིགས་ནས། 2024ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་བརྩོན་ལེན་བྱས་ཏེ། རྨང་གཞིའི་སློབ་གསོ་སློབ་གྲྭ94ཉལ་ཁང་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་པར་བྱེད་པར་རྒྱབ་སྐྱོར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། སྐོར་འདིའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་གིས་གཙོ་བོར་མཐོ་འབྲིང་དཀྱུས་མའི་བསླབ་གནས་མཁོ་འདོན་མི་འདང་བ་དང་སློབ་འབྲིང་གི་ཚོད་ལྟའི་ཡོ་བྱད་སྒྲིག་ཆས་དཀོན་པ་སོགས་ཀྱི་གནད་དོན་གཙོར་བཟུང་ནས། ཟི་ལིང་ཉིན་ཀྲི་སློབ་འབྲིང་དང་མཚོ་ཤར་སློབ་འབྲིང་ལྔ་བ། རྨ་ལྷོའི་དུས་སྐབས་གསར་བའི་མཐོ་རིམ་སློབ་འབྲིང་། མགོ་ལོག་མཚོ་ཤར་སློབ་འབྲིང་བཅས་གསར་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཁུལ་དང་རྫོང་གི་སློབ་འབྲིང་སྐོར་ཞིག་ལ་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས། ས་རྒྱུས་ཀྱི་ཚད་ལྡན་ཚོད་ལྟ་ཁང་བརྒྱ་དང་ཞེ་དྲུག་འཛུགས་རྒྱུ་ཡིན་པ་དང་། སྐོར་ཞིག་གསར་འཛུགས་བྱེད་པ་དང་སྐོར་ཞིག་རྒྱ་སྐྱེད་པ། སྐོར་ཞིག་མཐོར་འདེགས་གཏོང་བ་བརྩོན་ལེན་བྱེད་པ་བརྒྱུད་དེ། རྨང་གཞིའི་སློབ་གསོ་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པ་དང་། ཚན་རིག་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་འདོན་རྒྱ་སྐྱེད་པ། སྤུས་ལེགས་དོ་མཉམ་གྱི་གཞི་རྩའི་སྤྱི་ཐུན་སློབ་གསོའི་ཞབས་ཞུ་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། མང་ཚོགས་ཀྱི་སློབ་གྲྭ་བཟང་བོར་འགྲིམ་པའི་མཛེས་སྡུག་གི་རེ་འདུན་སྔར་ལས་བཟང་བོར་སྐོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།