《བཅོས་སྒྱུར་གྱི་ཟིལ་ཤུགས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དང་བློ་སྐྱེད》ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2024.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ8པའི་ཚེས7ཉིན། 《བཅོས་སྒྱུར་གྱི་ཟིལ་ཤུགས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དང་བློ་སྐྱེད》ཅེས་པའི་དེབ་དེ་ཉེ་ལམ་ཞིན་ཧྭ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཡོངས་ལ་ཕྱོགས་ནས་འགྲེམས་སྤེལ་བྱས།

《བཅོས་སྒྱུར་གྱི་ཟིལ་ཤུགས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དང་བློ་སྐྱེད》ཅེས་པའི་དེབ་དེ་ཞིན་ཧྭ་གསར་འགྱུར་ཁང་གིས་ཡོངས་བསྒྲགས་བྱས་པའི“ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་ཆེན་པོས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་།”“ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་གཞི་རྩའི་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱེད་པ།”“བཅོས་སྒྱུར་སྒོ་འབྱེད་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་རྒྱུར་ཁག་ཐེག་བྱེད་པ།”“མི་དམངས་གཙོར་འཛིན་པའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་རྒྱུན་འཁྱོངས་བྱེད་པ།”“ཁྲིམས་སྐྱོང་བགྲོད་ལམ་སྟེང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།”“བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ།”“གཏིང་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ”བཅས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་དང་བློ་སྒོ་འབྱེད་པའི་དཔྱད་བརྗོད་བདུན་གྱི་རྨང་གཞིའི་སྟེང་རྩོམ་སྒྲིག་བྱས་པ་དང་།    ཟུར་བཀོད་ཆ་ཤས་ནང་ད་དུང《ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས》བསྡུས་ཡོད།    དེའི་ནང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རླབས་ཆེན་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་།    བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་གྲུབ་འབྲས་རླབས་ཆེན་གསོན་ཉམས་དོད་པོས་བརྗོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།