ཡུས་ཧྲུའུ་ཁུལ་གྱིས་སློབ་སྔོན་སློབ་གསོའི་རིན་མེད་གུང་ཟས་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས།
2024.08.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

སློབ་སྔོན་སློབ་གསོའི་ཁྱབ་གདལ་ཀུན་ཕན་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  སློབ་སྔོན་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོ་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ཚོགས་པས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་བྱིས་སྐྱོང་ཁང་དུ་སློབ་སྔོན་གྱི་རིན་མེད་གུང་ཟས་འཆར་གཞི་ལག་བསྟར་བྱེད་པར་བརྩོན་ལེན་བྱས།    ད་ལྟའི་བར་དུ། རིན་མེད་གུང་ཟས་ལག་བསྟར་བྱས་ཟིན་པའི་བྱིས་སྐྱོང་ཁང42ཡོད་པ་དང་།  ཁྱོན་སྡོམ་དགེ་སློབ4077ལ་རོགས་སྐྱོར་བྱས་ཡོད།  ད་ལྟ་བྱིས་སྐྱོང་ཁང41གིས་རེ་ཞུ་བྱེད་བཞིན་ཡོད་པ་དང་། ཁྱོན་སྡོམ་དགེ་སློབ5161ཡོད།

ཀྲུང་གོ་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ཚོགས་པའི་རིན་མེད་གུང་ཟས་ཐེབས་རྩའི་རྒྱབ་སྐྱོར་འོག ཡུས་ཧྲུའུ་ཁུལ་གྱིས་མགོ་ཁྲིད་གཙོ་བོས་སྤྱིའི་འགན་འཁྲི་འཁུར་བ་དང་། ལས་བགོས་མགོ་ཁྲིད་ཀྱིས་ཆེད་དུ་ལྟ་རྟོག་བྱེད་པ།  སྡེ་ཁག་དང་ལས་ཁུངས་ཀྱིས་མཉམ་དུ་དམ་འཛིན་བཅས་བྱེད་པའི་བྱ་བའི་མ་ལག་བཙུགས་ནས། གཞི་རིམ་གྱི་བྱིས་སྐྱོང་ཁང་དང་རྒྱ་ཆེའི་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།  སློབ་གཙོ་ཚན་གཙོ་ཡིན་པའི་ཟ་ཁང་གི“རིན་མེད་གུང་ཟས”དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས།  རྗེས་ཕྱོགས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དེ་ཁུལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་འཕྲལ་སྡོམ་སྔོན་ཇུས་དང་། སློབ་གྲྭའི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་འཇུག་རྒྱུ་རེད། ནོར་སྲིད་དོ་དམ་དོན་འཁྱོལ་བྱས་ཏེ“འགྲོ་སོང་དང་ཡོང་འབབ་ཀྱི་ལམ་ཐིག་གཉིས”ཀྱི་གཏན་འབེབས་གཞིར་བཟུང་ནས།   དུས་བཀག་ལྟར་རིན་མེད་གུང་ཟས་ཀྱི་ནོར་དོན་གཏོང་ཡོང་དང་དངོས་ཟོག་ཉོ་སྒྲུབ། ཟས་རིགས་ཀྱི་རིན་གོང་སོགས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ད་ལོ་ནས་བཟུང་རིམ་རྩིས་བྱས་ན་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས6ལ་བྱས་པ་དང་། གནད་དོན་ཤེས་རྟོགས་བྱུང་ནས་དག་ཐེར་ཡོ་བསྲང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་རེད། ལག་བསྟར་བྱེད་ཡུལ་སོ་སོས་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་ལས་གཞའི་ཤུགས་རྐྱེན་ཆེ་རུ་བཏང་ནས“མགོ་ཁྲིད་ཀྱིས་མཐོང་ཆེན་དང་། གོང་འོག་མཉམ་འགུལ། དམངས་ཡོངས་ཞུགས་པ། སྤྱི་ཕན་ལ་དགའ་ཞེན་བཅས་བྱེད་པའི”སྤྱི་ཚོགས་ཀྱི་རྣམ་པ་གཏོད་དགོས། ལག་བསྟར་སློབ་གྲྭ་སོ་སོས་རིན་མེད་གུང་ཟས་ལག་བསྟར་དང་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་། དྲིན་ཚོར་སྐུལ་ལྕག་གི་སློབ་གསོ་ཧུར་ཐག་གིས་སྤེལ་ནས་སློབ་མར་ཡང་དག་པའི“ལྟ་བ་གསུམ”ཆགས་པར་བྱས་ཏེ། སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་ཤེས་ལྡན་མི་སྣར་འགྱུར་བ་དང་། སྤྱི་ཚོགས་ལ་དྲིན་ལན་འཇལ་བ། གཅེས་སེམས་ཁྱབ་སྤེལ་བཅས་བྱེད་དུ་འཇུག་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།