མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་སྐབས་ལྔ་བ་འཚོགས་པ།
2024.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ8ཚེས7ཉིན། གསར་འགོད་པས་མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། པེ་ཅིང་དགེ་འོས་སློབ་ཆེན་མཐོ་སྒང་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་སྐབས་ལྔ་བ་དེ་མཚོ་སྔོན་ཞིང་ཆེན་དུ་བསྡུས།

ཐེངས་འདུའི་གླེང་སྟེགས་ཐོག་མཐོ་སྒང་གི་སློབ་གསོ་དང་། མཐོ་སྒང་གི་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མཐོ་སྒང་གི་དཔལ་འབྱོར། མཐོ་སྒང་གི་སྐྱེ་དངོས། མཐོ་སྒང་གི་ལོ་རྒྱུས་དང་རིག་གནས་སོགས་ཁྱབ་ཁོངས་མང་པོ་ནས་གླེང་མོལ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་དངོས་སྒྲུབ་ཀྱི་ཐབས་ཇུས་བཟང་པོ་འཚོལ་ཞིབ་དང་། དེང་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བརྗོད་གཞི་དང་འཚམ་པར་བྱས་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་གྱིས་མཚོན་པར་བྱས།

རིག་གཞུང་གཙོ་བོའི་སྙན་ཞུའི་ནང་དུ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་འདུས་པའི་མིང་དུ་གྲགས་པའི་ཆེད་མཁས་པ་དྲུག་གིས་སོ་སོར“མདོ་དབུས་མཐོ་སྒང་བྱང་རྒྱུད་ཀྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་ཕན་འབྲས”དང་།“བསྐྱེད་སྒྲུབ་རྣམ་པའི་མིས་བཟོས་རིག་ནུས་ཀྱིས་ཚན་རིག་ཞིབ་འཇུག་གསར་སྐྲུན་ལ་ཤུགས་རྐྱེན་ཐེབས་ཚུལ་རགས་ཙམ་གླེང་བ།”“གོ་ལ་ཧྲིལ་པོ་ཇེ་དྲོར་འགྲོ་བ་དང་ནུབ་རྒྱུད་ས་ཡོམ་གྱི་གནོད་འཚེའི་ཉེན་ཁ།”“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ན་ཐོན་ལས་གླིང་ཁུལ་ལ་གཅིག་སྡུད་བྱེད་དགོས།”“ངོ་བོ་རྣམ་པའི་ལྟ་བའི”ཟུར་ཚད་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་གཞུང་ལུགས་ཀྱི་འགྱུར་ལྡོག་གླེང་བ། ”“ཚན་རྩལ་གསར་སྐྲུན་གྱི་སྐུལ་འདེད་འོག་རྩེར་སོན་གསར་སྐྲུན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ”བཅས་ཀྱི་རིག་གཞུང་གཙོ་བོའི་སྙན་ཞུ་ཕུལ།

སྐབས་འདིའི་གླེང་སྟེགས་ཀྱིས་ད་དུང་སྐབས་ལྔ་བའི་མཐོ་སྒང་གི་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་ཕྱོགས་བསྡུས་ཉེན་ཁར་དོགས་ཟོན་བྱེད་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་མཐོ་སྒང་གི་ལྗང་མདོག་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ཆོས་ལྡན་པའི་དཔལ་འབྱོར་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བའི་གླེང་སྟེགས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཐོ་སྒང་གི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ། རིག་གཞུང་ཚན་ཁག་འཛུགས་སྐྲུན་དང་ས་གནས་ཀྱི་མཐོ་རིམ་སློབ་གྲྭའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་སྐབས་དྲུག་པའི་མཐོ་སྒང་གི་སློབ་གསོའི་རྒྱུན་མཐུད་འཕེལ་རྒྱས་མཐོ་རིམ་གྲོས་ཚོགས་དང་། དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་དང་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གཞུང་བརྗེ་རེས་བགྲོ་གླེང་ཚོགས་འདུ་བཅས་ཡན་ལག་གླེང་སྟེགས་དྲུག་མཉམ་དུ་བསྡུས།

ཚེ་རིང་སྒྲོལ་མས་བསྒྱུར།