ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི《དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ལས་ཁུངས་བརྒྱད་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་བྱེད་ཐབས》སྒྲིག་བཟོ་བྱས་ནས་བཏོན།
《མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་བྱེད་ཐབས》ཀྱི་ནང་དུ་གཙོ་བོ་དང་བླངས་ཞབས་ཞུའི་སྐུལ་སློང་མ་ལག་འཐུས་ཚང་དུ་བཏང་སྟེ། ཆབ་སྲིད་སྐུལ་སློང་ལ་ཤུགས་སྣོན་དང་། རྩ་འཛུགས་ལ་སྐུལ་སློང་ལེགས་པོ་བྱེད་པ། སྤྱི་ཚོགས་ཀྱི་སྐུལ་སློང་རྒྱ་བསྐྱེད་པ། མང་ཚོགས་ཀྱི་སྐུལ་སློང་ཇེ་ཟབ་ཏུ་གཏོང་བ། འཕྲལ་བསྟུན་སྐུལ་སློང་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་དང་བླངས་ཞབས་ཞུའི་ནང་ཞུགས་པར་སྐུལ་སློང་དང་། དང་བླངས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་སོགས་འདུས་ཡོད། དང་བླངས་ཞབས་ཞུའི་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས་མཁོ་སྤྲོད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པ། མཁོ་སྤྲོད་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་སྔར་ལས་ཆེད་ལས་དང་ནུས་ལྡན་གྱི་དང་བླངས་ཞབས་ཞུ་ཧུར་ཐག་གིས་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད། དང་བླངས་ཞབས་ཞུའི་དཔུང་སྡེའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས་ཆེད་ལས་དང་བླངས་ཞབས་ཞུའི་དཔུང་སྡེ་འཛུགས་སྐྲུན་དང་མང་ཚོགས་ཀྱི་དང་བླངས་ཞབས་ཞུའི་དཔུང་སྡེ་སྟོབས་ཆེར་གཏོང་བ། དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དང་བླངས་པའི་དོ་དམ་ལ་ཤུགས་སྣོན་པ། དང་བླངས་ཞབས་ཞུའི་རྩ་འཛུགས་དོ་དམ་དམ་འཛིན་ཡག་པོ་བྱེད་པ། སྐུལ་འདེད་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། གྲངས་འབོར་འདང་ངེས་དང་། ཁྱབ་ཁོངས་རྒྱ་ཆེ་བ། གྲུབ་ཚུལ་སྣ་མང་བ། ཞབས་ཞུ་ནུས་པ་ལྡན་པ། ཚད་ལྡན་དང་གོ་རིམ་ཡོད་པའི་དང་བླངས་ཞབས་ཞུའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། དང་བླངས་ཞབས་ཞུའི་གཡུལ་སའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས་ས་ཚིགས་ཀྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། གྲངས་ཀའི་འཇོན་ནུས་ལ་སྐུལ་འདེད་བཏང་སྟེ། དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་། སྟབས་བདེ་ཅན། རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བཏོན་ཡོད། དང་བླངས་ཞབས་ཞུའི་རིག་གནས་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། དང་བླངས་པར་ཁོར་ཡུག་སྐྲུན་པ། དང་བླངས་པ་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་དང་བླངས་ཞབས་ཞུའི་ནང་ཞུགས་པའི་རྣམ་པ་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། དང་བླངས་ཞབས་ཞུའི་རྒྱབ་སྐྱོར་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས་གྲོན་དངུལ་གྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཁེ་དབང་འགན་སྲུང་ལ་མཐོང་ཆེན་བྱེད་པ། སྐུལ་སློང་བྱ་དགའ་སྟེར་བར་ཤུགས་སྣོན་པ། ཁྲིམས་སྐྱོང་འདེགས་སྐྱོར་མཁོ་འདོན་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད། དང་བླངས་ཞབས་ཞུའི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་རང་བཞིན་གྱི་དང་བླངས་པའི་རྩ་འཛུགས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཀྲུང་ཧྭའི་རིག་གནས་བརྒྱུད་སྒྲོག་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས་ཞེས་བཏོན་ཡོད།
《མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་བྱེད་ཐབས》ཀྱི་ནང་དུ་ད་དུང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་དང་འབྲེལ་ཡོད་སྡེ་ཁག་གིས་དང་བླངས་ཞབས་ཞུའི་རྩ་འཛུགས་འགོ་ཁྲིད་དང་བྱ་བ་དངོས་འབེབ་བྱེད་པར་ཤུགས་སྣོན་པའི་ཐད་ནས་བྱེ་བྲག་གི་བླང་བྱ་བཏོན་ཡོད།
ཚེ་རིང་སྒྲོལ་མས་བསྒྱུར།