གསར་འགོད་པས་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ། ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱས་པ་དང་མི་དམངས་ཀྱི་མགྲིན་ཚབ་པ་བྱས་ནས། བསྡོམས་པས་གྲོས་གཞི307སྤྲད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་བ་བརྒྱུད་དེ། གྲོས་གཞི268གཏན་ཁེལ་བྱས་པར་མ་ཟད། དེ་སྡེ་ཁག་དང་རྩ་འཛུགས56ལ་སྤྲད་དེ་བསྒྲུབ་ཏུ་བཅུག་པ་དང་། དེས་གྲོས་གཞི་སྤྱིའི་གྲངས་ཀའི་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གསུམ་ཟིན་ལ། དེ་ལས་གཞན་པའི་གྲོས་གཞི39འགན་དབང་སོགས་རྒྱུ་རྐྱེན་གྱི་དབང་གིས་བྱ་བའི་དཔྱད་གཞི་རུ་བྱས་པ་དང་། དེས་གྲོས་གཞི་སྤྱིའི་གྲངས་ཀའི་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བདུན་ཟིན།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གྲོས་གཞིའི་ནང་དོན་ཐད་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག་དང་སྤུས་འབྲས་ལ་དམ་དུ་དམིགས་པ་དང་། སྤུས་ཚད་ལ་དོ་སྣང་བྱེད་པ་ལས་གྲངས་ཀར་མི་བལྟ་བ་རྩ་དོན་དུ་བྱས་ལ། འཐུས་མི་ཚོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས་ལ། རྟོག་ཞིབ་དང་གཟིགས་ཞིབ། བཞུགས་མོལ། འཚམས་འདྲི་སོགས་ཀྱི་རྨང་གཞིའི་སྟེང་བཏོན་པའི་གྲོས་གཞིའི་བསྡུར་ཚད་རྒྱུན་མ་ཆད་ཇེ་མཐོར་སོང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤུས་ཚད་མཐོ་བའི་ངང་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཟེར།
གྲོས་གཞི་སྤྲོད་སྒྲུབ་ཐད་ནས་ཕྱོགས་གསུམ་གཞི་གཅིག་ལག་བསྟར་བྱས། ཐོག་མར་དྲ་ཐོག་ནས་གྲོས་གཞི་སྤྲད་པ་དང་། ཚོགས་ཆེན་སྐབས་སུ། གྲོས་གཞི་ཞིབ་བཤེར་ཚན་ཆུང་གིས་དུས་ཐོག་ཏུ་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་དྲ་རྒྱའི་སྟེགས་བུ་བརྒྱུད་དེ་འཐུས་མིའི་གྲོས་གཞི་སྤྲོད་སྒྲུབ་བྱས་ནས། ནམ་ཡང་དང་ལེན་དང་ནམ་ཡང་ཞིབ་བཤེར་བྱས་པ་དང་། ཞིར་བཤེར་བྱས་ཞོར་དུ་ཡར་སྤྲོད་བྱས། གཉིས་ནས་ཚོགས་ཐོག་ནས་གྲོས་གཞི་སྤྲོད་རྒྱུ་དེ་ཡིན་ལ། ཚོགས་ཆེན་གྲོལ་རྗེས། འཐུས་མིའི་གྲོས་གཞི་ཡུལ་དངོས་ནས་ངོས་འཛིན་གཏན་ཁེལ་བྱེད་པའི་གྲོས་ཚོགས་བསྡུས་པ་བརྒྱུད་དེ། ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་སྒོ་ནས་གཙོ་སྒྲུབ་དང་རོགས་སྒྲུབ། རིགས་བགོས་སྤྲོད་སྒྲུབ་ཀྱི་སྡེ་ཁག་གཏན་ཁེལ་བྱས། ཆེས་མཐའ་མཇུག་ནི་ཡིག་ཆ་པར་འགྲེམ་བྱས་ནས་སྤྲོད་རྒྱུ་དེ་ཡིན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བ་ནན་མོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས་ནས། བྱ་བའི་འགན་འཁྲི་ཇེ་ཞིབ་དང་གཏན་ཁེལ་གསལ་བོ་བྱས་ཏེ། གྲོས་གཞི་མྱུར་བ་མྱུར་དང་དངོས་གནས་སྤྲོད་ཐུབ་པར་ཁག་ཐེག་བྱས།
གྲོས་གཞི་ལྟ་སྒྲུབ་ཐད་ནས་ཕྱོགས་གསུམ་དཔེ་སྟོན་གྲུབ་པར་བྱས། ད་ལོར་ལྟ་སྒྲུབ་བྱེད་པའི་འཐུས་མིའི་གྲོས་གཞི24གཏན་ཁེལ་བྱས་པ་དང་། དེ་ན་ནིང་དང་བསྡུར་ན་གྲོས་གཞི་གསུམ་ཇེ་མང་དུ་སོང་ལ། བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གཉིས་བརྒྱད་ཇེ་མཐོར་སོང་། ཐོག་མར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་འགོ་ཁྲིད་དེ་ལྟ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོས་བསྟུད་མར་ལོ་བཞི་ལ་འཐུས་མིའི་གྲོས་གཞི་ལྟ་སྒྲུབ་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་ཆ་སྙོམས་མི་རེས་འཐུས་མིའི་གྲོས་གཞི་གཅིག་ལྟ་སྒྲུབ་བྱས། གཉིས་པ་ནི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡོངས་ཀྱིས་ལྟ་སྒྲུབ་བྱས་ནས། སོ་སོར་འཐུས་མིའི་གྲོས་གཞི་གཅིག་ཡན་བདམས་ནས་ལྟ་སྒྲུབ་བྱས། གསུམ་པ་ནི་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་རང་འགུལ་གྱིས་འགོ་ཁྲིད་ནས་བསྒྲུབས་པ་སྟེ། སྔོན་ལ་བསྒྲུབ་དགོས་པའི་འཐུས་མིའི་གྲོས་གཞི་ལྔ་བདམས་ནས་བསྒྲུབས་པ་དང་། དེས་དམངས་ཆེན་བྱ་བར་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ།
གྲོས་གཞི་ལ་སྐུལ་འདེད་གཏོང་བའི་ཐད་ནས་མཉམ་ཤུགས་ཆེན་པོ་གསུམ་གཅིག་བསྡུས་བྱས་ཡོད། ཐོག་མར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་སྟེ། གཅིག་ནས་གྲོས་གཞི་བསྒྲུབ་པའི་བར་དུས་སུ་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། གྲོས་གཞི་འགན་སྒྲུབ་སྡེ་ཁག་སྐོར་ཞིག་གིས་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་ཏེ། འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་སྤུས་འདེགས་ནུས་སྤེལ་ཐད་སྐུལ་འདེད་བཏང་། གཉིས་པ་ནི་ཞིང་ཆེན་སྲིད་གཞུང་གིས་སྐུལ་འདེད་ཆེན་པོ་བཏང་བ་སྟེ། རྒྱུན་ལས་ཧྲིན་ཀྲང་གཞོན་པས་བཏོན་པའི་སྤུས་ཚད་མཐོ་བའི་ངང་ད་ལོའི་འཐུས་མིའི་གྲོས་གཞི་བསྒྲུབ་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་རེ་བ་ལྟར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་དུས་ཚོད་དང་པོའི་ནང་བཀོད་སྒྲིག་བྱས་པ་མ་ཟད། འགན་སྒྲུབ་དང་ཞིབ་བཤེར་བྱེད་པ་དང་ཕྱིར་ལན་སྟེར་བ་སོགས་ཀྱི་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་། གསུམ་པ་ནི་འགན་སྒྲུབ་སྡེ་ཁག་སོ་སོས་དངོས་གཉེར་སྒོས་སྐུལ་འདེད་བཏང་བ་དང་། བརྗེ་རེས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་གནད་ལ་འཁེལ་བའི་སྒོ་ནས་རིགས་བགར་ལན་འདེབས་བྱེད་པ། རྗེས་འདེད་ལྟ་སྒྲུབ་ལ་ཤུགས་སྣོན་པ་སོགས་ཀྱི་གནད་འགག་དུས་རིམ་གཙིགས་སུ་བཟུང་ནས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་སྐོང་ཐབས་བྱེད་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱས།
རིན་ཆེན་མཚོས་བསྒྱུར།