ཉེ་སྔོན། མཚོ་སྔོན་དང་ཅང་ཞིའི་ཀྲུང་བོད་ལུགས་གསོ་རིག་གི་མཉམ་ལས་འཕེལ་རྒྱས་གྲོས་ཚོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱུན་འཛིན་དང་གསར་གཏོད། མཉམ་ལས། འཕེལ་རྒྱས་བརྗོད་སྙིང་དུ་བྱས་པ་དང་། དེའི་དམིགས་འབེན་ནི་ཅང་ཞི་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུང་ལུགས་གསོ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་བྱེད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བརྗེ་རེས་སྟེགས་བུ་བཙུགས་ནས། ཅང་ཞི་དང་མཚོ་སྔོན་ས་ཆ་གཉིས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་ངང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་ཡིན་པ་དང་དགེ་མཚན་འབུར་ཐོན་ཡིན་ལ། སྦས་ཤུགས་ཧ་ཅང་ཆེ་བའི་དཔལ་འབྱོར་ཐོན་ཁུངས་དང་ཕུལ་དུ་བྱུང་བའི་རིག་གནས་ཐོན་ཁུངས་ཡིན་པ་དང་། དགེ་མཚན་ཆེན་པོ་ལྡན་ལ། སྐྱེ་ཁམས་ཐོན་ཁུངས་གལ་ཆེན་ཡང་ཡིན། མཚོ་སྔོན་ཞིང་ཆེན་དང་ཅང་ཞི་ཞིང་ཆེན་གྱིས་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱས་པ་དེས། ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་དང་། ཀྲུང་བོད་ལུགས་གསོ་རིག་གི་འཇོན་མི་སྐྱེད་སྲིང་བྱེད་པ། ཀྲུང་བོད་ལུགས་གསོ་རིག་རིག་གནས་དར་སྤེལ་གཏོང་བ། ཀྲུང་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་རོགས་འདེགས་བྱེད་ཐུབ།