ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་ཚོང་བདག་ལ་ལྟ་ཞིབ་ཞིབ་བཤེར་བྱེད་ཐེངས་མང་དྲགས་པའི་གནད་དོན་ལ་ཆེད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། དམངས་གཉེར་ཚོང་བདག་དང་འབྲེལ་བའི་ལྟ་ཞིབ་ཞིབ་བཤེར་སྔར་ལས་ཚད་ལྡན་དུ་བཏང་ཞིང་། ཚད་ཆེས་ཆེ་བའི་སྒོ་ནས་དམངས་གཉེར་ཚོང་བདག་གི་རྒྱུན་ལྡན་ཐོན་སྐྱེད་ཚོང་གཉེར་བྱ་འགུལ་ལ་ཁག་ཐེག་བྱས་པ་དང་། སྲིད་འཛིན་གྱི་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱས།
ཇུས་གཞི་ལས་ཟས་རིགས་དང་སྨན་རྫས། སྨན་བཅོས་འགན་སྲུང་། སྤྱི་སྤྱོད་གཙང་སྦྲ། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག བདེ་འཇགས་ཐོན་སྐྱེད། ངལ་རྩོལ་འགན་སྲུང་། གྲོང་ཁྱེར་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩའི་ཞབས་ཞུ། སློབ་གསོ་གསབ་ཁྲིད་སོགས་ཀྱི་ཁྱབ་ཁོངས་གཅིག་སྡུད་བྱས་ནས། གཙོ་བོ་ལྟ་རྟོག་ཚད་ལྡན་མིན་པ་དང་། ཞིབ་བཤེར་སྤུས་ཀ་མི་ལེགས་པ། སྡེ་ཁག་བར་མཉམ་ལས་མི་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་དོན་དག་མེད་ན་བར་ཆད་མི་གཏོང་བ་དང་རེ་འདོད་ངེས་པར་དུ་སྐོང་བའི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། ཆུ་ཚད་མཐོ་བའི་ཞབས་ཞུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པ་གཏན་འཁེལ་བྱས།
ཇུས་གཞི་ལས་ཟླ8པ་ནས་ཟླ10བའི་བར། རང་ཞིང་གིས་རང་བཤེར་རང་བཅོས་དང་། སྒྲིག་བཅོས་དོན་འཁྱོལ། སྲ་བརྟན་མཐོར་འདེགས་བཅས་ཀྱི་རིམ་པ་གསུམ་དབྱེ་ནས་ཆེད་དོན་དག་ཐེར་ལེགས་བཅོས་བྱ་བ་སྤེལ་རྒྱུ་རེད། གཙོ་བོ་ལྟ་སྐུལ་དོ་དམ་བྱ་བའི་གསལ་ཐོ་དངོས་འབེབས་བྱེད་པ་དང་། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་ལག་བསྟར་བྱེད་ཅིང་། ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག་བྱེད་པ། སྲིད་འཛིན་ཁྲུན་གཅོད་དབང་ཆའི་རྩ་བའི་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་བསྟར་ལམ་ལུགས་ཁག་གསུམ་དངོས་འབེབས་བྱེད་པ་སོགས་ཐད་ཀྱི་སྒྲིག་བཅོས་བྱ་བ་བསྒྲུབ་དགོས་པ་བསྟན་ཡོད།
ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་དག་ཐེར་ལེགས་བཅོས་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་གསེད་བཀྲོལ་ཕྱོགས་སྡོམ་བྱེད་པ་དང་། སྲིད་འཛིན་ཞིབ་བཤེར་གསལ་ཐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ལྟ་རྟོག་ཞིབ་བཤེར་ཚད་ལྡན་ཅན་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། ཁྱིམ་དུ་ཐེངས་གཅིག་འཛུལ་ཚེ་བྱ་བ་སྣ་ཚོགས་ལ་ཞིབ་བཤེར་བྱེད་པའི་རྩ་དོན་ལ་གཞིགས་ནས། རིགས་སོ་སོའི་དམངས་གཉེར་ཚོང་གཉེར་བྱེད་པོར་འབྲེལ་བའི་ལྟ་རྟོག་ཞིབ་བཤེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཚད་ཆེས་ཆེ་བའི་སྒོ་ནས་ལྟ་རྟོག་ཞིབ་བཤེར་བྱེད་ཐེངས་ཇེ་ཉུང་དུ་གཏོང་བ། དམངས་གཉེར་ཚོང་བདག་གི་རྒྱུན་ལྡན་ཐོན་སྐྱེད་ཚོང་གཉེར་ལ་བར་ཆད་བཟོ་ཚད་ཇེ་ཉུང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྡེ་ཁག་མང་པོས་ཁྲིམས་བསྟར་ཞིབ་བཤེར་ཐེངས་མང་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས། དམངས་གཉེར་ཚོང་བདག་གིས་འགྱུར་ལྡོག་ཚོར་བ་དང་། གྲུབ་འབྲས་མཐོང་ཞིང་། ཕན་པ་དངོས་ཐོབ་པར་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།