འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྤྱིའི་ཆ་ནས་སླར་གསོ་བཟང་པོ་བྱུང་།
2024.08.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 50

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས་ཆུ་བེད་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ།    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་དང་མཉམ་དུ《འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས(2023ལོ)》ཁྱབ་བསྒྲགས་བྱས།     སྤྱི་བསྒྲགས་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྤྱི་ཡོངས་ནས་སླར་གསོ་ཡག་པོ་ཡོང་བའི་རྣམ་པ་མངོན་པ་དང་། ལོ་བཅུའི་རིང་ཉ་འཛིན་བཀག་སྡོམ་བྱ་རྒྱུ་གཙོ་གནད་དུ་བྱས་པའི་འབྲི་ཆུའི་སྲུང་སྐྱོབ་ཆེན་པོའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པར་ཕན་འབྲས་མངོན་གསལ་ཐོན་ཡོད།

འདི་ནི་གསར་འགོད་པས་ཚེས12ཉིན་ཞིང་ལས་ཞིང་སྡེ་པུའུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད།     སྤྱི་བསྒྲགས་ལས་མངོན་པ་ལྟར་ན།    འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་ངང་སླར་གསོ་བྱུང་ནས། 2023ལོར་འབྲི་ཆུའི་གཞུང་རྒྱུན་ལྟ་ཞིབ་ཚད་ལེན་ས་ཚིགས་ལས་ཁུངས་ཀྱིས་བཟུང་ཚད་ཆ་སྙོམས་སྟོང་ཁེ2.1ཟིན་པ་དེ2022ལོ་ལས་16.7%འཕར་ཡོད།     ཆུ་ལག་གལ་ཆེན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ལས་ཁུངས་ཀྱིས་བཟུང་ཚད་ཆ་སྙོམས་སྟོང་ཁེ2.3ཟིན་པ་དེ2022ལོ་ལས64.3%འཕར་ཡོད།

ཆུ་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།     2023ལོར་འབྲི་ཆུའི་འབབ་རྒྱུད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་ཉ་རིགས227ཡོད་པ་དང་། དེ2022ལོ་ལས་རིགས34ཇེ་མང་དུ་ཕྱིན་ཡོད།     རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་རིགས14ལྟ་ཞིབ་ཚད་ལེན་ཐུབ་པ་དེ2022ལོ་ལས་རིགས3ཇེ་མང་དུ་ཕྱིན་པ་དང་། འཚོ་སྡོད་ཁོར་ཡུག་སྤྱིའི་ཆ་ནས་བརྟན་པོ་རེད།     2023ལོར་འབྲི་ཆུའི་གཞུང་རྒྱུན་དང་ཆུ་ལག་གི་ཆུའི་སྤུས་ཚད་ཀྱི་དཔྱད་འཇོག་སྤྱི་ཡོངས་ནས་བཟང་པ་དང་།    རིགས་དང་པོ་ནས་གསུམ་པའི་བར་གྱི་ཆུའི་སྤུས་ཚད་བཅད་ངོས་ཀྱིས98.5%བཟུང་བ་དང་། བྱེ་མ་སྔོག་འདོན་དང་གྲུ་ལམ་བཅོས་སྐྱོང་སོགས་ཉ་ལས་དང་འབྲེལ་བ་ཡོད་པའི་བཟོ་སྐྲུན་གྱི་འཕར་ཚད་གསར་སྤེལ་བྱེད་ཚད་ཅུང་ཉུང་དུ་ཕྱིན་ཡོད་མོད།    འོན་ཀྱང་གསོག་འཇོག་གཞི་ཁྱོན་སྔར་བཞིན་ཅུང་ཆེ་བ་རེད།

ལྟ་ཞིབ་ཚད་ལེན་ཐོབ་པའི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་སྔར་བཞིན་ཅུང་ཉུང་བ་དང་།    རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་ཁག་ཅིག་གི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཅུང་ཉུང་བ།    གཙང་པོའི་དུམ་བུ་ཉུང་ཤས་ཀྱི་ཆུ་སྦྲེལ་མཐུད་རང་བཞིན་ཅུང་ཞན་པ།    མཚོ་ངོགས་སྲ་འགྱུར་ཚད་ཅུང་ཆེ་བ་སོགས་ཀྱི་ཚོད་འཛིན་ཐེབས་པས།    འབྲེལ་ཡོད་ཆུ་ཁོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཀྱི་ཆ་ཚང་རང་བཞིན་སྟོན་གྲངས་ཅུང་དམའ་བས།    རྩ་ཆེ་ལ་འཇིག་ཉེན་ཡོད་པའི་སྲོག་ཆགས་སྲུང་སྐྱོབ་བྱེད་པར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་།

ཤ་བོ་རིན་མཚོས་བསྒྱུར།