མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་སྨན་རྫས་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ཀྲུང་བོད་ལུགས་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
2024.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ8པའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་སྨན་རྫས་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ཀྲུང་བོད་ལུགས་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཉམས་མྱོང་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རང་ཞིང་གི་ཀྲུང་བོད་ལུགས་སྨན་རྫས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཚོགས་འདུ་ལས་བསྟན་དོན། ལོ་མང་པོའི་རིང་རང་ཞིང་གིས་ཀྲུང་བོད་ལུགས་སྨན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྟེང་རིམ་ཇུས་འགོད་མུ་མཐུད་ཤུགས་དྲག་ཏུ་བཏང་བ་དང་། སྲིད་ཇུས་འགན་སྲུང་མ་ལག་འཐུས་ཚང་གཏོང་བ། བདེན་སྲུང་གསར་གཏོད་ལ་སྐུལ་འདེད་བཏང་ནས། རང་ཞིང་གི་ཀྲུང་བོད་ལུགས་སྨན་རྫས་འཕེལ་རྒྱས་ཐད་ནས་རྒྱུན་རིང་ཡར་ཐོན་གྱི་གྲུབ་འབྲས་བླངས་ཡོད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་སྨན་རྫས་ལས་དོན་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་བོད་ལུགས་སྨན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བློ་རྩ་ཇེ་བརྟན་དུ་གཏོང་དགོས། སྣེ་ཁྲིད་ལ་ཤུགས་བསྣན་ཏེ། སྨན་རྒྱུ་འདེབས་འཛུགས་དང་ལས་སྣོན། ཕྱིར་འཚོང་སོགས་ཀྱི་སྣེ་ཁྲིད་ཁེ་ལས་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། ཕྲེང་འབྲེལ་གསབ་རེས་བྱས་ཏེ། འདེབས་འཛུགས་རྟེན་གཞི་དང་ལས་སྣོན་ཞིབ་ཚགས། སྨན་བཅོས་ཁམས་གསོའི་ཚན་སློབ་དང་རིག་གནས་ཡུལ་སྐོར་སོགས་མཉམ་བསྲེས་འཕེལ་རྒྱས་བྱ་བ་དམ་འཛིན་བྱེད་དགོས། གསར་གཏོད་གཙིག་འཛིན་བྱས་ཏེ། རྐྱེན་སྲོལ་ལམ་སྲོལ་དང་ཚན་ཞིབ་གསར་གཏོད་ལ་ཤུགས་སྣོན་པ་དང་། ཀྲུང་བོད་ལུགས་སྨན་རྫས་གསར་གཏོད་གསར་སྤེལ་གྱི་ནུས་ཚད་ཇེ་ཆེར་གཏོང་དགོས། ཁྱུ་ཚོགས་གཅིག་སྡུད་བྱས་ཏེ། སྨན་རྒྱུ་འདེབས་འཛུགས་དང་ལས་སྣོན། ཕྱིས་འཚོང་སོགས་ཀྱི་ཁེ་ལས་ཁྱུ་ཚོགས་བསྐྲུན་ཤུགས་ཆེ་རུ་གཏོང་དགོས། ཚོང་རྟགས་གསར་བསྐྲུན་བྱས་ཏེ། ཀྲུང་བོད་ལུགས་སྨན་རྫས་དང་། སྨན་བཅོས་ལག་རྩལ། སྨན་པ་བཅས་ཀྱི་ཚོང་རྟགས་གསོ་སྐྱོང་དང་དྲིལ་སྒྲོག་འགྲེམ་སྤེལ་སོགས་ཀྱི་བྱ་བ་དམ་འཛིན་བྱེད་དགོས། ཚོང་ར་རྒྱ་བསྐྱེད་དེ། སྨན་བཅོས་མཉམ་ལས་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཀྲུང་བོད་ལུགས་སྨན་རྫས་ཡུལ་གྲུ་ཀུན་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས། འཇོན་མི་གསོ་སྐྱོང་བྱས་ཏེ། ཀྲུང་བོད་ལུགས་སྨན་རྫས་ཀྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། སྨན་པ་གྲགས་ཅན་དང་སྨན་རྫས་གྲགས་ཅན། དགེ་རྒན་གྲགས་ཅན་གསོ་སྐྱོང་བཟོ་བསྐྲུན་དང་དགེ་རྒན་གྱིས་སློབ་མ་སྐྱོང་བའི་བཟོ་བསྐྲུན་ལག་བསྟར་བྱེད་དགོས། འགན་སྲུང་དམ་པོ་བྱས་ཏེ། རྩ་འཛུགས་དང་རྐྱེན་སྲོལ། སྲིད་ཇུས། སྤུས་ཚད། ཁྲིམས་སྐྱོང་སོགས་ཀྱི་འགན་སྲུང་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། ཀྲུང་བོད་ལུགས་སྨན་རྫས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་འབད་བརྩོན་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།