8.15ཉིན་གྱི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་སྤེལ་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས།
2024.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ8པའི་ཚེས15ཉིན། 8.15ཉིན་གྱི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་སྤེལ་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས། བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དེའི་དམིགས་འབེན་ནི་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ་འགྲེམ་སྟོན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མང་ཚོགས་ཅན་གྱི་བརྒྱུད་སྒྲོག་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན།

ཐེངས་འདིའི་བྱ་འགུལ་གྱིས་ལྗང་མདོག་ཐཱན་ཉུང་ཕྱོགས་ཡོངས་ནས་ཚུལ་སྒྱུར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་རྒྱུ་བརྗོད་དོན་དུ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ནུས་ཁུངས་གྲོན་ཆུང་དང་ཐཱན་ཇེ་དམའ་རུ་གཏོང་བ་སོགས་ཀྱི་དྲིལ་སྒྲོག་འགྲེམ་ཁུལ་དང་། ན་གཞོན་ལོ་ཆུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྩམས་ཆོས་འོས་འཚོང་ཁུལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དངམཚོ་སྔོན་པོའི་པར་རིས་བརྩམས་ཆོས་འགྲེམ་ཁུལ་སོགས་འགྲེམ་ཁུལ་བཀོད་སྒྲིག་བྱས། དེ་དང་མཉམ་དུ། ད་དུང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག་གི་ཡུལ་དངོས་འགྲེལ་ཀློག་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཐོན་རྫས་ཀྱི་སྤྱིའི་རིན་གྲངས་རྩིས་བཤེར་དང་གཞི་གྲངས་ཅན་གྱི་ཞབས་ཞུའི་སྟེགས་བུ། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་གི་སྐྱེ་ཁམས་སྒྲོག་འགྲེལ་རུ་ཁག་ལ་དར་ཆ་སྟེར་བའི་མཛད་སྒོ རིག་རྩལ་འཁྲབ་སྟོན་དང་བཅའ་ཁྲིམས་ཤེས་བྱའི་བྱ་དགའི་དྲི་བ་དྲིས་ལན་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས། བྱ་འགུལ་ཡུལ་དངོས་སུ། ཟབ་ཞུགས་པ་ཧ་ཅང་མང་བ་དང་། སྡེ་ཁག་སོ་སོའི་དྲིལ་སྒྲོག་འགྲེམ་སྟོན་ཁུལ་ཁོངས་སུ། ལས་བྱེད་མི་སྣས་གྲོང་མིའི་དྲི་བར་ལན་ཞིབ་མོར་བཏབ།

རིན་ཆེན་མཚོས་བསྒྱུར།