རང་ཞིང་གིས་ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་།
2024.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཉེ་ཆར། ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་མགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་བསྒྱུར་བཅོས་མཐོར་འདེགས་ཀྱི་འགུལ་སྐྱོད་ཇུས་གཞི་འགྲེམ་སྤེལ་བྱས་ཤིང་། ཕྱོགས་ཡོངས་ནས་རང་ཞིང་གི་ཁྲོམ་རའི་ཁོར་ཡུག་དང་ཚོང་གཉེར་ཞབས་ཞུ་ལེགས་སྒྱུར་བྱས་པ་དང་། ཚོང་གཉེར་སྟབས་བདེའི་ཚད་སྤྱི་ཡོངས་ནས་མཐུན་སྦྱོར་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཚོང་བདག་གི་ཞབས་ཞུ་ཇེ་ལེགས་སུ་བཏང་ཞིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ནུས་དྲག་པོ་སྦྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཚོང་བདག་གི་དགོས་མཁོར་རྐང་བཙུགས་ཏེ། སྲིད་གཞུང་གི་འགན་ནུས་ཚུར་སྒྱུར་ཟབ་མོ་བྱེད་པ་སྲོག་ཤིང་དུ་བྱས་ཤིང་། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་དཀའ་ས་ཁག་ས་དང་ཞན་ས་འགག་ས་གཅིག་སྡུད་བྱས་པ་དང་། ཁེ་ལས་དང་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པའི་བྱ་བ་བསྒྲུབ་དཀའ་བ་དང་དལ་བ་སོགས་ཀྱི་གནད་དོན་དེ་མགོ་ཚུགས་ས་བྱས་ནས། རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། ཞན་སར་ཁ་གསབ་བྱས་ཤིང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཚོང་བདག་གི་ཚོང་གཉེར་དང་། འཕེལ་རྒྱས། སྲུང་སྐྱོབ་སོགས་ཀྱི་ཞབས་ཞུ་ཇེ་ལེགས་སུ་བཏང་ཡོད། དེ་དང་མཉམ་དུ། རྩེར་སོན་ཆུ་ཚད་ལ་དམིགས་ནས། ཚོང་གཉེར་ཁོར་ཡུག་བཅོས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། ལྟ་སྐུལ་དོ་དམ་སྒྲོམ་གཞི་དང་། སྤྱི་བའི་ཞབས་ཞུའི་སྤུས་ཚད། ཆ་འཕྲིན་གྱི་གསལ་ཚད། བྱ་བ་བསྒྲུབ་པའི་ལས་ཆོད་བཅས་ཕྱོགས་གསུམ་ལ་གཞིགས་ཏེ། སྔོན་ཐོན་གྱི་ཉམས་མྱོང་བྱེད་ཐབས་དང་གསར་གཏོད་ཐབས་ལམ་ལ་དཔེ་ལྟོས་དང་སློབ་སྦྱོང་བྱས་ཤིང་། རང་འགྱུར་བསྒྱུར་བཀོད་ཇེ་ལེགས་སུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་གི1+N+M རྣམ་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་རྒྱུན་མཐུད་རིམ་སྤོར་ལ་སྐུལ་འདེད་བཏང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བཅོས་སྒྱུར་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་དང་ཕྱིར་འདོན་བྱས་ཤིང་། ལྷག་པར་དུ་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་ཞབས་ཞུ་དང་། དངུལ་རྩའི་ཞབས་ཞུ། ཆ་རྐྱེན་བཀོད་སྒྲིག ཡིད་རྟོན་འཛུགས་སྐྲུན། སྲིད་དོན་ཞབས་ཞུ། ཁེ་ལས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་ཚོང་བདག་གི་དགོས་མཁོ་དང་རེ་འདུན་གཅིག་སྡུད་བྱས་པ་དང་། ཕན་ཡོད་ཁྲོམ་ར་དང་ནུས་ལྡན་སྲིད་གཞུང་ཟུང་འབྲེལ་ལེགས་པོ་བྱེད་པར་སྐུལ་འདེད་བཏང་བར་གཞིགས་ཏེ། འཚོལ་ཞིབ་གསར་གཏོད་ལ་ཤུགས་བསྣན་པ་དང་། དཔེ་སྟོན་སྣེ་ཁྲིད་ལེགས་པོ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚོང་གཉེར་ཟོང་རྟགས་བསྐྲུན་པར་བརྩོན་ལེན་བྱས།

ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་ཅིང་། མཉམ་འབྲེལ་དྲ་རྒྱའི་ཚོང་གཉེར་ཁོར་ཡུག་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། མགྱོགས་མྱུར་སྒོས་སྐོར་ཐེངས་གསུམ་པའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་དཔེ་མཚོན་ཉམས་མྱོང་འདོན་སྤྲོད་བྱས་ནས། ཚོང་གཉེར་ཁོར་ཡུག་གི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་ཕན་ནུས་དཔྱད་འཇོག་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཆེས་མཇུག་མཐའི་སྤྱི་ལེ་གཅིག་ཤར་གཏོང་བྱས་ཏེ། བརྟན་བརླིང་འདྲ་མཉམ་དང་། ཡོངས་བསྒྲགས། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གིས་བསྐྲུན་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།