ཟླ8པའི་ཚེས14ཉིན་ནས་ཚེས15ཉིན་བར། མཚོ་སྔོན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་གྲངས་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་བཀོལ་སྤྱོད་གྲུབ་འབྲས་ཀྱི་སྤུས་ལེགས་མ་དཔེ་འགྲེམ་སྟོན་བྱ་འགུལ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་བསྡུས་པ་དང་། བསྡོམས་པས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་ཡོང་བའི་མ་དཔེ་རེ་དྲུག་འགྲེམ་སྟོན་ལ་ཞུགས། དེའི་ཁྲོད་ཀྱི་མ་དཔེ་བཅུ་ལ་སྤུས་ལེགས་མ་དཔེ་རུ་བདམས་ནས་གཟེངས་བསྟོད་ཐོབ།
ཐེངས་འདིའི་གཞི་གྲངས་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ལེགས་མ་དཔེའི་བཀོལ་སྤྱོད་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་ནི། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་བགྲོ་གླེང་འཛིན་གྲྭའི་དགོངས་དོན་དོན་འཁྱོལ་བྱེད་པའི་མཚོན་རྟགས་ཡིན་ལ། རྒྱལ་ཡོངས་ཀྱི་གཞི་གྲངས་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་མ་དཔེ་ཁྱབ་གདལ་བྱེད་པའི་བྱ་འགུལ་ལ་ཞུགས་པའི་སྔོན་གྱི་འཁྲབ་སྟོན་སྟ་གོན་ཡང་ཡིན། འགྲེམ་སྟོན་ནང་བདམས་པའི་སྤུས་ལེགས་མ་དཔེ་བཅུ་ཡིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་གཙིགས་སུ་བཟུང་བ་དང་། ཞིབ་དཔྱོད་ལས་སྒོའི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ལ། དངོས་འཐབ་བཀོལ་སྤྱོད་ཀྱི་རིན་ཐང་མཐོན་པོ་ལྡན་པ་དང་། ཉེ་བའི་ལོ་འགའི་རིང་གི་རང་ཞིང་གི་གྲངས་ཀའི་ཞིབ་དཔྱོད་བྱ་བའི་གྲུབ་འབྲས་དང་ཆུ་ཚད་གཅིག་བསྡུས་སྒོས་མངོན་པར་བྱས་ལ། རང་ཞིང་གི་གྲངས་ཀའི་ཞིབ་དཔྱོད་བྱ་བའི་ཐད་ནས་མ་དཔེ་གཡོར་བ་ནས་མ་དཔེ་འདོན་སྤྲོད་བྱེད་པའི་འགྱུར་ལྡོག་དང་། ཤོག་ཐོག་གཡུལ་བཀོད་ནས་དངོས་འཐབ་དམག་སྦྱོང་དང་དཔེ་གཞིས་དམག་དར་གྱི་མཆོང་བརྒལ་ཆེན་པོ་བྱུང་བ་མཚོན་པར་བྱས་ཡོད།
གཞི་གྲངས་ཞིབ་དཔྱོད་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་གནད་འགག་གྲངས་འགྱུར་ཡིན་ལ། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་བསྒྱུར་བའི་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན། གཞི་གྲངས་ཞིབ་དཔྱོད་དེ་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་ཁྲོད་བཀོལ་སྤྱོད་ཟབ་མོ་བྱས་པ་བརྒྱུད་དེ། ལྟ་སྐུལ་གྱི་མིག་རྒྱ་ཆེར་བསྐྱེད་པ་དང་། ལྟ་སྐུལ་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ལ། ལྟ་སྐུལ་གྱི་ཕན་འབྲས་ཇེ་མཐོར་བཏང་ཞིང་། ལྟ་སྐུལ་གྱི་ཡིད་རྟོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གཞི་གྲངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཐད་ཀྱི་ཟིལ་ཤུགས་མངོན་པར་བྱས་ཡོད།
རིན་ཆེན་མཚོས་བསྒྱུར།