སྡེ་ཁག་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་སྔོན་གཏོང་བྱས།
2024.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

གསར་འགོད་པས་ཚེས19ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚུན་དུ་ནང་སོག་གི་ཤར་དབུས་རྒྱུད་དང་ཤར་བྱང་། ནུབ་བྱང་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་བར་ཁ་གཏད་དེ། ཀྲུང་དབྱང་ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་སྔོན་གཏོང་བྱས་ནས། ནང་སོག་དང་ཧེ་ལུང་ཅང་། ཧྲན་ཞི། ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡིས་འཕྲལ་བསྟུན་ཉེན་སེལ་གནོད་སྐྱོབ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། གཙོ་བོར་གནོད་ཐེབས་མི་སྣ་འཚོལ་སྐྱོབ་སྤོ་བསྒྱུར་དང་ཉེན་སེལ་གནོད་སྐྱོབ་སོགས་འཕྲལ་བསྟུན་ཐག་གཅོད། སླར་སྐྱེས་གནོད་འཚེའི་ཉེན་ཁ་གྲལ་བཤེར་སྤེལ་བ་སོགས་ཀྱི་ཐད་བཀོལ་ནས། ཚད་ཆེས་ཆེ་བའི་སྒོ་ནས་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་བཏང་།

རིན་ཆེན་མཚོས་བསྒྱུར།