《གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལག་བསྟར་ཕྱོགས་སྟོན》གྱིས་ཅན་གཉིས་དང་མཐུན་སྦྱོར་གྱི་ཤུགས་འདོན་སའི་ཁ་ཕྱོགས་ཆེན་པོ་གཉིས་གཏན་ཁེལ་གསལ་པོ་བྱས་ཡོད།
2024.08.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ8པའི་ཚེས24ཉིན། གསར་འགོད་པས་ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་བཅུ་ཡི་དྲུང་ཡིག་ཅུའུ་ཡིས་མཉམ་འབྲེལ་སྒོས《གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཚུལ་སྒྱུར་འཕེལ་རྒྱས་ཀྱི་ལག་བསྟར་ཕྱོགས་སྟོན》པར་འགྲེམས་བྱས་པ་དང་། ལག་བསྟར་ཕྱོགས་སྟོན་ནང་གཞི་གྲངས་ཐོན་ལས་ཀྱི་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། གཞི་གྲངས་ལག་རྩལ་གྱི་ནུས་པ་ལྡན་པའི་ལས་རིགས་ལྗང་མདོག་ཅན་གྱི་ཚུལ་སྒྱུར་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བའི་ཅན་གཉིས་དང་མཐུན་སྦྱོར་གྱི་ཤུགས་འདོན་སའི་ཁ་ཕྱོགས་ཆེན་པོ་གཉིས་གཏན་ཁེལ་གསལ་པོ་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལག་བསྟར་ཕྱོགས་སྟོན་པར་འགྲེམས་བྱེད་པའི་དམིགས་ཡུལ་ནི། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཚུལ་སྒྱུར་འཕེལ་རྒྱས་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། གསར་དར་ལག་རྩལ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གཞི་གྲངས་དང་འབྲེལ་བའི་རིག་སྟོབས་ལག་རྩལ་དང་ལྗང་མདོག་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་གཏོང་ཆེད་རེད།

ལག་བསྟར་ཕྱོགས་སྟོན་གྱིས་གསར་གཏོད་སྣེ་ཁྲིད་དང་མཐུན་སྦྱོར་སྐུལ་འདེད། སྒོ་འབྱེད་མཉམ་ལས། ཕན་འབྲས་དོན་གཉེར་བཅས་ཕྱོགས་བཞིའི་ཐད་ནས་གཉིས་ཅན་གྱི་མཐུན་སྦྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་རྩ་དོན་ཁ་གསལ་བཟོས་ཡོད་པར་མ་ཟད། ད་དུང་ས་ཁུལ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག ལས་རིགས་མཐུན་ཚོགས། མཐོ་རིམ་སློབ་ཆེན། ཚན་ཞིབ་འཇུག་ཁང་དང་སུའོ། འབྲེལ་ཡོད་ལས་རིགས་ཁེ་ལས་སོགས་ཅན་གཉིས་དང་མཐུན་སྦྱོར་ལག་བསྟར་བྱེད་མཁན་གྱི་རིགས་གསུམ་ཁ་གསལ་བཟོས་ནས། ལག་བསྟར་བྱེད་མཁན་གྱི་རིགས་སོ་སོས་ཅན་གཉིས་དང་མཐུན་སྦྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་སྟོན་དང་དཔྱད་གཞི་མཁོ་འདོན་བྱས་ཡོད། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་རྨང་གཞིའི་ནུས་པ་དང་། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཉམ་འདྲེས་ལག་རྩལ་མ་ལག གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཉམ་འདྲེས་ཐོན་ལས་མ་ལག་སོགས་གཉིས་ཅན་མཐུན་སྦྱོར་དང་མཉམ་འདྲེས། གསར་གཏོད་བཅས་ཕྱོགས་གསུམ་གྱི་བཀོད་པ་ཁ་གསལ་བཟོས་ཡོད།

ལག་བསྟར་ཕྱོགས་སྟོན་ནང་ས་ཁུལ་སོ་སོས་ཕྱོགས་སྟོན་སྤྱད་དེ། ཅན་གཉིས་དང་མཐུན་སྦྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དངོས་ཀྱི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གང་མགྱོགས་གཏོང་བ། ས་ཁོངས་དང་ཐོན་ལས་གོང་སྤེལ་ཁྲོད་ཀྱི་རང་ངོས་ཀྱི་ངེས་གནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། རང་ངོས་ཀྱི་ཐོན་ཁུངས་དངོས་རྐང་ཚུགས་པར་བྱས་ནས། ཁྱད་ལྡན་ཐོན་ལས་དང་ནུས་པའི་ལེགས་ཆ་འབད་པས་བསྐྲུན་དགོས་ལ། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་དངོས་སུ་བཏོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།