མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་བདེ་འཇགས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། 
2024.08.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ད་ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། མཚོ་སྔོན་གྱིས་ཡུལ་སྐོར་པ་མང་བའི་དུས་ཀྱི་ཡུལ་སྐོར་ཁྲོམ་རའི་རིན་གོང་དམའ་བའི་ཡུལ་སྐོར་ཚོགས་པ་དང་། ཡུལ་སྐོར་པར་མགོ་སྐོར་གཏོང་བ། འགྲིམ་འགྲུལ་འཚང་ཁ་ཆེ་བ། ལྗོངས་ཁུལ་དུ་གྲལ་སྒྲིག་དགོས་པ། ཁོར་ཡུག་གཙང་སྦྲ་ཞན་པ་སོགས་ཡུལ་སྐོར་དང་འབྲེལ་བའི་གཙོ་གནད་དཀའ་གནད་ལ་དམ་པོར་དམིགས་ཤིང་། ཁག་ཐེག་ལྔ་དང་སྔོན་འགོག་གཅིག་གི་བྱ་བ་གཅིག་སྡུད་བྱས་ཏེ། ཕྱོགས་ཡོངས་ནས་ཡུལ་སྐོར་པ་མང་དུས་ཀྱི་ཁྲོམ་རའི་མཉམ་འབྲེལ་བཅོས་སྐྱོང་སྤེལ་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་སྐོར་པ་སེམས་བདེ་བ་དང་ཁམས་དྭངས་པའི་ཡུལ་སྐོར་ཁོར་ཡུག་འཛུགས་སྐྲུན་བྱས། 

ཡུལ་སྐོར་པ་མང་བའི་དུས་སུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་དྲ་འཕྲིན་དང་། སྤྱི་བདེ། འགྲིམ་འགྲུལ། ཁྲོམ་རའི་ལྟ་སྐུལ་དོ་དམ། འཕྲལ་བསྟུན། མེ་འགོག་མེ་གསོད་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་ནུས་པ་ཡོད་རྒུ་བཏོན་ནས་རྒྱུན་མཐུད་སྒོས་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་དང་ཞབས་ཞུ་ཚད་ལྡན་བྱ་བ་སྒྲུབ་པར་མཛུབ་སྟོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བ་མང་དུས་ཀྱི་ཁྲོམ་རའི་སྒྲིག་སྲོལ་འགན་སྲུང་བྱས།

ཡུལ་སྐོར་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གཙོ་བོ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གཙོ་བོ་ཚཱ་ཨར་ཧན་ཚྭ་མཚོའི་འཁོར་རྒྱུག་བྱེད་ཚད་ཞན་ཞིང་གྲལ་སྒྲིག་དགོས་པ། ཏུང་ཐའེ་ཅིས་ནེའར་མཚོས་རང་ཐད་ནས་ཡུལ་སྐོར་པར་སྣེ་ལེན་ལས་སྒོ་སྤེལ་བ། མཚོ་ནུབ་ཀྱིUརྣམ་པའི་གཞུང་ལམ་གྱི་ཉེན་ཁ་པར་རྒྱག་པ། སྒྲིག་འགལ་གྱིས་རྟ་ཞོན་ནས་རྒྱུག་པ། སྐུ་འབུམ་དགོན་པའི་ལྗོངས་ཁུལ་ཉེ་འགྲམ་གྱི་འཛད་སྤྱོད་པའི་མགོ་གཡོག་པའི་བྱ་སྤྱོད། ཡུལ་སྐོར་སྡེ་ཁག་གིས་རིན་གོང་དམའ་བའི་ཡུལ་སྐོར་ཚོགས་པ་འཛུགས་པ། ཚོང་ཟོག་ཉོ་སར་འཛད་སྤྱོད་པར་མགོ་གཡོག་མགོ་སྐོར་གཏོང་བ་སོགས་ཀྱི་གནད་དོན་གསལ་ཐོར་བཀོད་ནས་གཅིག་སྡུད་ཀྱིས་ལྟ་སྐུལ་ཐག་གཅོད་བྱས། མིག་སྔར། རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་གྱོད་དོན་ང་དྲུག་གཅིག་སྡུད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཡུལ་སྐོར་དང་འབྲེལ་བའི་ཞབས་ཞུ་ཚད་ལྡན་མིན་པའི་གནད་དོན་ཉིས་བརྒྱ་ལྷག་མྱུར་དུ་དག་ཐེར་ཡོ་བསྲང་བྱས།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གྲོང་ཁྱེར་དང་ཁུལ། སྡེ་ཁག་སོ་སོས་ཡུལ་སྐོར་བ་མང་དུས་སུ་རྒྱུན་མཐུད་སྒོས་རླངས་འཁོར་འཇོག་ས་ཇེ་མང་དུ་གཏོང་བ་དང་། འཁོར་རྒྱུག་ནུས་པ་ཇེ་ཆེར་གཏོང་བ། འགྲིམ་འགྲུལ་ཁ་འགྲེམ་གཏོང་བ། ཡུལ་སྐོར་པར་ཁ་བརྡ་དང་བཀག་འགོག་བྱེད་པ། གཙང་སྦྲ་བྱེད་པ། དམངས་བདེ་ཞབས་ཞུའི་ས་ཚིགས་བསྐྲུན་པ། དཔལ་ཡོན་ལྡན་པའི་ཡུལ་སྐོར་ཁྲིད་སྟོན་སོགས་ཀྱི་ཕྱོགས་ནས་ལས་མི་ཚང་མ་ལས་ཞུགས་བྱེད་པ་དང་མཉམ་དུ་ནུས་ཤུགས་བཏོན་ཞིང་། འགྲུལ་བཞུད་དང་བདེ་འཇགས། གཙང་སྦྲ་བཅས་ལ་ཁག་ཐེག་བྱས་ཏེ། ཉེན་ཁ་སྔོན་འགོག་བྱ་བ་ལེགས་པོར་བསྒྲུབས། ཞིང་ཆེན་ནང་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་སོགས་སྤྱི་བའི་ཞབས་ཞུ་ཁང་དག་མཚན་མོར་སྒོ་འབྱེད་པ་དང་སྒོ་རྒྱག་པའི་དུས་ཚོད་ཇེ་རིང་དུ་བཏང་བ་དང་། སྔོན་ལ་སྒོ་བྱང་ཉོས་ནས། ཡུལ་སྐོར་པར་སྤྲོ་གསེང་ལྟ་སྐོར་གྱི་སྟབས་བདེ་བསྐྲུན། མཚོ་སྔོན་པོ་དང་། སྐུ་འབུམ་དགོན་པ། ཚྭ་ཁ་ཚྭ་མཚོ། ཉི་ཟླ་རི་བོ། ཚཱའར་ཧན་ཚྭ་མཚོ་སོགས་ལྗོངས་ཁུལ་གཙོ་བོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འཁོར་རྒྱུག་རླངས་འཁོར་ཇེ་མང་དུ་བཏང་ཞིང་། ཡུལ་སྐོར་སྤྱོད་ཁང་གི་སྒྲིག་ཆས། ལྗོངས་ཁུལ་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་འཁོར་རྒྱུག་འགན་སྲུང་སོགས་ལ་སྒྱུར་བཅོས་རིམ་སྤོར་བྱས།

ལྷ་མོ་འཚོས་བསྒྱུར།