མཚོ་སྔོན་གྱིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་འཛུགས་སྐྲུན་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་།
2024.08.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ8པའི་ཚེས23ཉིན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་འཛུགས་སྐྲུན་བྱ་བར་མ་ལག་ལྡན་པའི་འཆར་འགོད་དང་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་རའི་འཛུགས་སྐྲུན་ལ་ཐོག་མར་གྲུབ་འབྲས་མངོན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་བྱ་བའི་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་དང་གཏན་འཁེལ་བྱ་བའི་ལས་རིམ་སོགས་ལམ་ལུགས་བཏོན་ནས། མཚོ་སྔོན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་ཁྲོམ་རའི་བྱ་བའི་རྐྱེན་སྲོལ་གཏན་འཁེལ་གསལ་བོ་བྱས། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་བྱ་བའི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། རིམ་པ་ཐོག་མའི་ཞིང་ཆེན་རིམ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་བྱ་བའི་མགོ་བརྩམས། ཁྲོམ་རའི་སྙན་ཞུ་དང་། གྲོང་ཁྱེར་དང་ཁུལ་རིམ་པས་འོས་སྦྱོར་བྱས་པ་བརྒྱུད། རིམ་པ་ཐོག་མའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་བྱ་ཡུལ་བཅུ་དྲུག་གཏན་འཁེལ་བྱས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལས་གཞན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་བྱ་བས་ཁེབས་པར་བྱས།

དེ་དང་མཉམ་དུ། ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བདེ་སྐྱིད་རང་འདེམས་ཚོང་ར་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་གཡང་ཁྱིམ་འཚོ་བའི་རང་འདེམས་ཚོང་ར། མཚོ་ཤར་གྲོང་ཁྱེར་གྱི་ནུབ་རྒྱུད་ལེགས་འདེམས་སོགས་ལས་ཁུངས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་ཁྲོམ་ར་དར་སྤེལ་གནས་ཚུལ་ལ་ཆེད་དུ་རྟོག་ཞིབ་བྱས་ནས། ཁྲོམ་རའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཁོར་སྐྱོད་གནས་ཚུལ། བྱ་བའི་ལས་ཁུངས་འཛུགས་པ་དང་མི་སྣ་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁྲོམ་རའི་ཞུགས་འཐུས་དང་། ཉིན་རྒྱུན་དོ་དམ། རྩོད་གཞི་ཐག་གཅོད། བཟང་པོར་བྱ་དགའ་སྟེར་བ་དང་ངན་པར་ཆད་པ་གཅོད་པ་སོགས་ཀྱི་ཕྱོགས་ནས་ཁྲོམ་རར་མཛུབ་སྟོན་བྱས་ཏེ། ཚོང་བདག་གིས་ཚོང་གཉེར་མ་བྱས་སྔོན་དང་ཚོང་གཉེར་བྱེད་སྐབས། ཚོང་གཉེར་བྱས་རྗེས་བཅས་ལས་རིམ་སོ་སོའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས་ཏེ། ཁྲོམ་རའི་དྲིལ་སྒྲོག་དང་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཚོང་བདག་དང་འཛད་སྤྱོད་པའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་གཏོང་བ། ཁྲོམ་རའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཚད་ལྡན་ཅན་གྱི་དོ་དམ་ནུས་པ་ཇེ་ཆེ་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།