ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་མཚོ་ཤར་གྱི་གདུང་འདེགས་ཀ་བ་བཟོ་སའི་གནས་སྐབས་བཟོ་སྐྲུན་འཛུགས་སྐྲུན་བྱེད་འགོ་བརྩམས།
2024.08.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ8པའི་ཚེས25ཉིན། ཀྲུང་གོ་ལྕགས་ལམ་ཅུའུ་གསུམ་པའི་ཅན་ཨན་ཀུང་སིས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་མཚོ་ཤར་གྱི་གདུང་འདེགས་ཀ་བ་བཟོ་སའི་འཛུགས་སྐྲུན་དངོས་སུ་འགོ་བརྩམས།

ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཀུའུ་ཁྲིན་ཧོས་རིགས་ཡུལ་ཚོ་ཞིན་ཀྲོང་ཨར་སྡེ་བའི་མཚོ་ཤར་གྱི་གདུང་འདེགས་ཀ་བ་བཟོ་ས་ནི་ལམ་ཐིག་ཧྲིལ་པོའི་སྔོན་བཟོ་གདུང་འདེགས་ཀ་བ་བཟོ་ས་ཆེས་ཆེན་པོ་ཞིག་ཡིན་པ་དང་། དེས་གདུང་འདེགས་ཀ་བའི་སྟབས་བདེའི་སྒམ363གྱི་སྔོན་བཟོ་ལས་འགན་འཁུར་ཡོད། མཚོ་ཤར་གྱི་གདུང་འདེགས་ཀ་བ་བཟོ་ས་དེ་ཡིས་མྱུར་བགྲོད་ལྕགས་ལམ་གྱི་སྔོན་བཟོ་གདུང་འདེགས་ཀ་བའི་སྒམ་ལས་སྣོན་དང་བསྡམས་པའི་གཞི་གཅིག་ཅན་གྱི་ཨར་ལས་ལག་རྩལ་ལ་བརྟེན་ནས་ལྕགས་སྐུད་རིག་ནུས་ཀྱིས་ལས་སྣོན་བྱེད་པའི་ཐོན་སྐྱེད་ལམ་ཐིག་དང་སྤོ་སྒུལ་རང་བཞིན་གྱི་ལྕགས་སྐུད་བསྡམས་པའི་ཡོ་ཆས་སོགས་རིག་ནུས་བཟོ་སྐྲུན་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། སྔོན་བཟོ་གདུང་འདེགས་ཀ་བའི་སྒམ་གྱི་ལྕགས་སྐུད་ལས་རིམ་དང་རིག་ནུས་ཅན་གྱི་ཨར་ལས་མངོན་འགྱུར་བྱེད་རྒྱུ་མ་ཟད། རང་འགུལ་སྒོས་བདག་སྐྱོང་བྱེད་པའི་རིག་ནུས་མ་ལག་ནང་འདྲེན་དང་སྔོན་སྤྱོད་ནུས་པའི་རིག་ནུས་ཅན་གྱི་གཅིག་གྱུར་ཨར་ལས་སོགས་རང་འགུལ་སྒྲིག་ཆས་རབ་དང་རིམ་པ་ནང་འདྲེན་བྱས་ཏེ། གདུང་འདེགས་ཀ་བ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་ཐོན་སྐྱེད་བྱེད་པ་མངོན་འགྱུར་བྱུང་ནས་ཐོན་སྐྱེད་ཀྱི་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བ་དང་། སྔོན་བཟོ་གདུང་མའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་རེད།

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དེ་རང་རྒྱལ་གྱི“འཕྲེད་བརྒྱད་གཞུང་བརྒྱུད”མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲིག་དང་ཟི་ལིང་ནས་ཀོང་ཀྲིག་བར་གྱི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལམ་ཐིག་ཧྲིལ་པོ་འཛུགས་སྐྲུན་བྱས་ཚར་ནས་མེ་འཁོར་བཏང་རྗེས། ལམ་རྒྱུད་མང་ཚོགས་སྒོ་ཕྱིར་འགྲོ་བར་སྟབས་བདེ་ཆེན་པོ་སྐྲུན་པ་དང་། ལན་ཀྲིག་དང་། ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས། ཁྲིན་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་ཁྱུ་ཚོགས་བཅས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས“དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད”དང“འབྲི་ཆུའི་དཔལ་འབྱོར་རྒྱུད”ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།